《ཞི་ཅིན་ཕིང་ཀྲེ་ཅང་དུ་བཞུགས་དུས》ཞེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བཅར་འདྲི་བྱས་པའི་དངོས་བྲིས《ཞི་ཅིན་ཕིང་ཀྲེ་ཅང་དུ་བཞུགས་དུས》ཞེས་པའི་དཔེ་དེབ་དེ་ཉེ་ཆར་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས་པ་རེད། 

2002ལོའི་ཟླ10པར་ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ལས་ཚབ་ཀྱི་འགན་བཞེས། 2002ལོའི་ཟླ11པ་ནས2007ལོའི་ཟླ3པའི་བར་ཀྲེ་ཅང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་ཞིང་ཆེན་དམངས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས། དུས་རབས་གསར་པར་སླེབས་རྗེས། ཀྲེ་ཅང་ནི་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་དང་སྤྱི་ཚོགས་ཚུལ་སྒྱུར་ཆེན་པོ་བྱེད་པའི་གནད་འགག་གི་དུས་སྐབས་སུ་གནས་ཡོད། ཞི་ཅིན་ཕིང་གིས་ཀྲེ་ཅང་གི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ཏེ་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་བཅས་ལག་ལེན་མཐར་ཕྱིན་བྱས། ཁྱོན་ཡོངས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པའི་རྨང་གཞིའི་སྟེང་ཀྲེ་ཅང་ཞིང་ཆེན་མངའ་ཁོངས་ཀྱི་བཅོས་སྐྱོང་སྤྱིའི་ཇུས་གཞི“བརྒྱད་བརྒྱད་འཐབ་ཇུས”བཏོན་པ་མ་ཟད་ལག་བསྟར་ཡང་བྱས། ཀྲེ་ཅང་གི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་འཆར་འགོད་དང་རྩེ་རིམ་ཇུས་འགོད་བྱས་ཏེ། ཀྲེ་ཅང་གི་ཚུལ་སྒྱུར་འཕེལ་རྒྱས་དང་ཡུན་རིང་གི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གྲུབ་པའི་རིགས་པའི་གཞུང་ལུགས་ཀྱི་གྲ་སྒྲིག་དང་ལག་ལེན་གྱི་གྲ་སྒྲིག་ཀྱང་བྱས་ཡོད། 

ཞི་ཅིན་ཕིང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཡིན་པའི་ངོས་ནས་ཀྲེ་ཅང་གི་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱས། བཅར་འདྲི་བྱས་པའི་དངོས་བྲིས《ཞི་ཅིན་ཕིང་ཀྲེ་ཅང་དུ་བཞུགས་དུས》ཞེས་པའི་དེབ་དེས་སྐབས་དེའི་ཀྲེ་ཅང་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བློ་མཐུན་དང་། ཞིང་ཆེན་ཐད་གཏོགས་སྡེ་ཁག ཁུལ་དང་གྲོང་ཁྱེར་བཅས་ཀྱི་མགོ་ཁྲིད་ལས་བྱེད་པ། གཞི་རིམ་ལས་བྱེད་པ། ཁེ་ལས་མཁས་པ། ཆེད་མཁས་པ་དང་མཁས་དབང་། གསར་འགོད་པ་སོགས་ལ་བཅར་འདྲི་བྱས་པ་བརྒྱུད། ཞི་ཅིན་ཕིང་གིས་ཀྲེ་ཅང་གི་མགོ་ཁྲིད་དེ་དཔལ་འབྱོར་འཕེལ་རྒྱས་བྱེད་སྟངས་བསྒྱུར་བ་དང་ཕྱི་ནང་གཉིས་ཀར་སྒོ་མོ་འབྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་དང་ས་ཁོངས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། སྐྱེ་ཁམས་ཞིང་ཆེན་སྐྲུན་པ། ཁྲིམས་སྐྱོང་ཀྲེ་ཅང་དང་དུས་འཇགས་ཀྲེ་ཅང་སྐྲུན་པ། རིག་གནས་ཞིང་ཆེན་ཆེན་པོ་འཛུགས་སྐྲུན་བྱེད་པ། དམངས་འཚོའི་བྱ་བ་དངོས་ལ་སྐུལ་འདེད་གཏོང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་པ་སོགས་ཐད་ཀྱི་བསམ་གཞིག་དང་ལག་ལེན་ཞིབ་ཕྲ་མངོན་ཡོད། 

བཅར་འདྲི་ཟིན་བྲིས་དེ་ལས་ཞི་ཅིན་ཕིང་གི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོན་པོ་དང་འཐབ་ཇུས་ཀྱི་ཇུས་ཐག་གཅོད་པའི་ཆུ་ཚད། ཆབ་སྲིད་ཀྱི་མགོ་ཁྲིད་ནུས་པ་འབུར་ཐོན་དང་། རྩ་འཛུགས་མཐུན་སྦྱོར་བྱེད་ནུས་འབུར་ཐོན་བཅས་གཅིག་བསྡུས་ངང་མཚོན་ཡོད་པ་མ་ཟད། ཁོང་གི་ལྷད་མེད་བབ་ཆགས་ཀྱི་དམངས་ལ་འཆང་བའི་བརྩེ་སེམས་དང་གཏིང་ཟབ་དངོས་གཉེར་གྱི་བྱ་བའི་སྤྱོད་ཚུལ་གང་ལེགས་མཚོན། མགོ་ཁྲིད་ལས་བྱེད་པས་དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་སྟེང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས“རྒྱལ་དོན་གྱི་ཆེ་ཕྱོགས”བློ་ལ་བཅངས་ཏེ་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཆེ་རུ་བཏང་ནས་མགོ་ཁྲིད་ཀྱི་ནུས་པ་དང་མགོ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་གསོན་ཉམས་ལྡན་པའི་སློབ་གཞི་མཁོ་འདོན་བྱས་ཡོད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།