ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་སྔོན་མ11རིང་ཀྲུང་དབྱང་ཁེ་ལས་ཀྱི་ཁེ་སྤོགས་སྤྱི་འབོར་སྒོར་དུང་ཕྱུར་ཁྲི2.3ལ་སླེབས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-12-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་སྔོན་བསྡུས་པའི་ཀྲུང་དབྱང་ཁེ་ལས་ཀྱི་འགན་ཁུར་པའི་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ད་ལོའི་ཚུན་ནས་བཟུང་། ཀྲུང་དབྱང་ཁེ་ལས་ཀྱི་ཕན་འབྲས་ཇེ་མཐོར་སོང་སྟེ་ལོ་རྒྱུས་ཀྱི་ཆེས་མཐོ་བསྐྲུན་པ་དང་། གཙོ་གནད་ཚན་རྩལ་གསར་སྐྲུན་དང་གཙོ་གནད་བཟོ་འགོད་གྲུབ་འབྲས་ཕུན་སུམ་ཚོགས་ལ། རྒྱལ་དབང་ཁེ་ལས་བཅོས་སྒྱུར་གྱི་ལོ་གསུམ་འགུལ་སྐྱོད་ལ་ཕན་འབྲས་མངོན་གསལ་ཐོབ། ཟླ་སྔོན་མ11རིང་། ཀྲུང་དབྱང་ཁེ་ལས་ཀྱི་ཁེ་སྤོགས་སྤྱི་འབོར་སྒོར་དུང་ཕྱུར་ཁྲི2.3དང་ཁེ་སྤོགས་གཙང་མ་སྒོར་དུང་ཕྱུར་ཁྲི1.75ལ་སླེབས་པ་དང་། རྡོ་སྣུམ་དང་རྫས་འགྱུར་རྡོ་སྣུམ། རྣོ་ལྕགས། རྡོ་སོལ་སོགས་ཁེ་ལས་ཀྱི་ཁེ་སྤོགས་ཆུ་ཚད་དང་ཁེ་འབབ་བསྐྲུན་ནུས་མངོན་གསལ་གྱིས་མཐོར་འདེགས་སུ་ཕྱིན་ཡོད། ཀྲུང་དབྱང་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་ཀྱི་ཁེ་སྤོགས7.1%ལ་སླེབས་པ་དང་དུས་མཉམ་ལས་བརྒྱ་ཆའི་ཚེག1.1མཐོར་འདེགས་སུ་ཕྱིན་ཡོད། 

ད་ལོའི་ཚུན་ནས་བཟུང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཁྱབ་ཚུལ་སྔར་བས་ཇེ་མགྱོགས་སུ་ཕྱིན་ཡོད། དུས་ཚིགས་སྔོན་མ་གསུམ་རིང་། ཀྲུང་དབྱང་ཁེ་ལས་ཀྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཐད་མ་དངུལ་སྒོར་དུང་ཕྱུར7267བཏང་ཞིང་། དུས་མཉམ་ལས6.3%འཕར་བ་དང་། ནུས་ཁུངས་གསར་བ་དང5Gབེད་སྤྱོད་སོགས་ཀྱི་ཐོན་ལས་ཁྱབ་ཚུལ་ནུས་པ་ཇེ་ཆེར་ཕྱིན་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།