ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཁེ་ལས་ལས་བཟོ་བའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྒྱལ་ཡོངས་སྤྱི་འདོམས་བྱ་བ་ཡག་པོར་སྒྲུབ་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཧན་ཀྲིན་གྱིས་ཁེ་ལས་ལས་བཟོ་བའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྒྱལ་ཡོངས་སྤྱི་འདོམས་ལག་བསྟར་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། གཙོ་གནད་ལས་འགན་འབུར་དུ་ཐོན་ཞིང་། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། ཁེ་ལས་ལས་བཟོ་བའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྒྱལ་ཡོངས་སྤྱི་འདོམས་བྱ་བ་ཡག་པོར་སྒྲུབ་དགོས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་པེ་ཅིང་དུ་ཁེ་ལས་ལས་བཟོ་བའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྒྱལ་ཡོངས་སྤྱི་འདོམས་ལག་བསྟར་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཚོགས་འདུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཁེ་ལས་ལས་བཟོ་བའི་གཞི་རྩའི་རྒན་གསོ་འགན་བཅོལ་རྒྱལ་ཡོངས་སུ་སྤྱི་འདོམས་ལག་བསྟར་བྱ་བར་སྐུལ་སློང་དང་བཀོད་སྒྲིག་བྱས་པ་རེད། 

ཟླ12པའི་ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་པེ་ཅིང་དུ་ཁེ་ལས་ལས་བཟོ་བའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྒྱལ་ཡོངས་སྤྱི་འདོམས་ལག་བསྟར་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།  

ཧན་ཀྲིན་གྱིས་བསྟན་དོན། ཁེ་ལས་ལས་བཟོ་བའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྒྱལ་ཡོངས་སྤྱི་འདོམས་ལམ་ལུགས་ལག་ལེན་བསྟར་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ལས་དོན་འདི་རྒྱ་ཆེའི་ལས་བཟོ་བ་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་རྩའི་ཁེ་ཕན་དང་འབྲེལ་ཡོད་ལ། སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་ལྷིང་དང་འབྲེལ་ཡོད། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་སོ་སོས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ཞིང་། འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས། བསམ་བློའི་ངོས་འཛིན་དང་བྱ་སྤྱོད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། བཅོས་སྒྱུར་བྱེད་ཐབས་སོ་སོ་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་དང་ལག་བསྟར་ཡག་པོ་བྱེད་དགོས། 

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། གཙོ་གནད་ལས་འགན་འབུར་དུ་བཏོན་ཏེ། ཁེ་ལས་ལས་བཟོ་བའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྒྱལ་ཡོངས་སྤྱི་འདོམས་བྱ་བ་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། རྒན་གསོ་འགན་བཅོལ་གྱི་སྲིད་ཇུས་གཅིག་གྱུར་བྱས་ནས། “རྒྱལ་ཡོངས་བསམ་ཇུས་གཅིག”ལྟར། ངལ་རྩོལ་པ་དང་ལས་འཁྱུར་ངལ་གསོ་བའི་རྒན་གསོ་འགན་བཅོལ་གྱི་ཁེ་དབང་ལ་སྔར་ལས་འགན་ལེན་ཡག་པོ་བྱེད་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་འཆར་འགོད་ཀྱི་མ་དངུལ་དོ་དམ་ལ་ཤུགས་སྣོན་བྱས་ནས། ཐེབས་རྩའི་བདེ་འཇགས་དང་གཏོང་སྤྲོད་བདེ་བླག་ལ་ཁག་ཐེག་བྱས་ཏེ། རྒན་གསོའི་འགན་བཅོལ་ལམ་ལུགས་ཀྱི་རྒྱུན་མཐུད་རང་བཞིན་དང་འདྲ་མཉམ་རང་བཞིན་ཆེ་རུ་གཏོང་དགོས། ཀྲུང་དབྱང་དང་ས་གནས་ཀྱི་རྒན་གསོའི་འགན་བཅོལ་གཏོང་སྒོའི་འགན་འཁྲི་འགན་བགོས་ལམ་སྲོལ་བཙུགས་ནས། ཀྲུང་དབྱང་ནོར་སྲིད་རྒྱབ་སྐྱོར་གྱི་བརྟན་བརླིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱས་ཤིང་། ས་གནས་སྲིད་གཞུང་གི་གཏོང་སྒོའི་འགན་འཁྲི་རིམ་བཞིན་ཤུགས་ཆེར་བཏང་སྟེ། གཞི་རྩའི་རྒན་གསོའི་མ་དངུལ་དུས་ཐོག་ཏུ་ཆད་ལུས་མེད་པར་སྤྲོད་ཐུབ་པར་ཁག་ཐེག་བྱེད་དགོས། ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཅིང་། སྲིད་ཇུས་གཏན་འབེབས་དང་སྒྲུབ་གཉེར་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས། རྒྱལ་ཡོངས་གཅིག་གྱུར་གྱི་ཆ་འཕྲིན་མ་ལག་མགྱོགས་མྱུར་བསྐྲུན་དགོས། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ཅིང་། ལས་ཀའི་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་སྒོས་བཙུགས་ནས། ལྟ་སྐུལ་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་སྟེ། ཁེ་ལས་ལས་བཟོ་བའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྒྱལ་ཡོངས་སྤྱི་འདོམས་ལམ་ལུགས་བདེ་བླག་ངང་ལག་ལེན་བསྟར་བར་ཁག་ཐེག་བྱེད་དགོས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་ཚོགས་འདུར་མགོ་འཛིན་མཛད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་འགན་འཁུར་བློ་མཐུན་ཡན་ལག་ཚོགས་རའི་ཚོགས་རའི་ཚོགས་འདུར་ཞུགས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་ནོར་སྲིད་པུའུ། ལིའོ་ཉིན་ཞིང་ཆེན། ཀོང་ཏུང་ཞིང་ཆེན་བཅས་ཀྱི་མི་དམངས་སྲིད་གཞུང་གི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད་སྤེལ་བ་རེད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།