ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས“གོ་ལ་ཧྲིལ་བོའི་དབུ་ཞུགས་ལག་བསྟར་དཔོན་ཨུ་ཡོན་ལྷན་ཁང”གི་གླེང་མོལ་ཚོགས་འདུར་ཞུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས15ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀོ་ནས“གོ་ལ་ཧྲིལ་བོའི་དབུ་ཞུགས་ལག་བསྟར་དཔོན་ཨུ་ཡོན་ལྷན་ཁང”གི་གླེང་མོལ་ཚོགས་འདུར་ཞུགས་པ་རེད། ཐེངས་འདིའི་གླེང་མོལ་ཚོགས་འདུ་ནི་བརྙན་ལམ་བརྒྱུད་ནས་འཚོགས་པ་རེད།

པར་འདི་ནི་ཟླ12པའི་ཚེས15ཉིན་གྱི་དགོང་མོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀོ་ནས“གོ་ལ་ཧྲིལ་བོའི་དབུ་ཞུགས་ལག་བསྟར་དཔོན་ཨུ་ཡོན་ལྷན་ཁང”གི་གླེང་མོལ་ཚོགས་འདུར་ཞུགས་བཞིན་པའི་རྣམ་པ་རེད།

ཧྲི་ནའེ་ཏེ་གློག་ཤུགས་དང་ཐའོ་ཧྲི། ABB། སུང་ཞ་གློག་ཆས། ཅ་ཅི། ལི་ཐའོ། ཞིན་པ་ཁེ། ཏ་ཀྲུང་བཅས་འཛམ་གླིང་གི་ཀུང་སི་རྩེ་གྲས500ནང་ཚུད་པའི་ཀུང་སི30ཡི་འགན་ཁུར་མི་སྣས་གསར་སྐྲུན་འཕེལ་རྒྱས་དང་ལྗང་མདོག་ཐཱན་ཉུང་ཚུལ་བསྒྱུར། རྒྱལ་ཁོངས་ལས་བརྒལ་བའི་ཀུང་སིས་ཀྲུང་གོ་རུ་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་བཙལ་རྒྱུའི་ཐད་ལ་གྲོས་བསྡུར་བགྲོ་གླེང་བྱས། ལི་ཁེ་ཆང་གིས་རྒྱལ་ཁོངས་ལས་བརྒལ་བའི་ཀུང་སི་དག་གིས་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་གྱི་ལས་དོན་ཐད་བཏོན་པའི་གྲུབ་འབྲས་ལ་བསྟོད་བསྔགས་བྱས་པ་མ་ཟད། ཚོགས་ཞུགས་འཐུས་མི་དང་མཉམ་དུ་བགྲོ་གླེང་བྱས།

ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོ་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་ལ། འཕེལ་རྒྱས་ཀྱི་མདུན་ལྗོངས་རྒྱ་ཆེ་ལྡན་པའི་ཁྲོམ་ར་ཞིག་ཀྱང་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྒུལ་ཤུགས་དང་པོ་འདི་གསར་གཏོད་དང་ཇེ་དྲག་ཏུ་གཏོང་དགོས། ང་ཚོས་གཏིང་ཟབ་སྒོས་གསར་གཏོད་སྒུལ་ནུས་ཀྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་དངོས་འབེབ་བྱས་ཏེ། མུ་མཐུད་དུ་གསར་སྐྲུན་གྱི་འདུ་ཤེས་གསར་བ་སྐུལ་སྤེལ་དང་གསར་སྐྲུན་གྱི་གསོན་ཤུགས་འདོན་སྤྲོད་བྱེད་དགོས་ཞེས་བསྟན་པ་ལྟར། ང་ཚོས་ལམ་ལུགས་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་དང་གྲོན་དངུལ་ཇེ་དམའ་རུ་གཏོང་བའི་བཀོད་སྒྲིག་ནང་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་སྣོན་འཕྲི་དང་གནས་ཐང་འཕར་ཁྲལ་གྱི་ཁྲལ་སློག་སོགས་ཚུད་ཡོད་པས། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་མ་འཇོག་གིས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་བསྡུར་ཚད་ངེས་ཅན་ཟིན་ཡོད་པ་དང་དྲང་སྙོམས་ཀུན་ཕན་གྱི་ཁྲོམ་ར་ཅན་གྱི་བྱེད་ཐབས་བརྒྱུད་ནས་ཁེ་ལས་གསར་གཏོད་དང་ལག་རྩལ་སྒྱུར་བཅོས་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། ལག་རྩལ་གསར་སྐྲུན་དང་མཉམ་ལས་བརྒྱུད་དེ། ནུས་ཁུངས་གསར་བའི་གསར་སྤེལ་དང་རྡོ་སོལ་དྭངས་གཙང་ངང་བེད་སྤྱོད་བྱེད་པའི་ནུས་ཤུགས་ཆེ་རུ་བཏང་ནས། ནུས་ཁུངས་གློག་ཤུགས་འདོན་སྤྲོད་ལ་འགན་སྲུང་བྱེད་པའི་དུས་མཉམ་དུ་ལྗང་མདོག་ཐཱན་ཉུང་ཅན་དུ་བསྒྱུར་ཏེ། སྔར་ལས་ལྷག་པར་གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་ལ་ཁ་གཏད་གཅོད་དགོས། 

ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོས་དེང་རབས་ཅན་མངོན་འགྱུར་བྱེད་པར་བཅོས་སྒྱུར་སྒོ་འབྱེད་ནི་ངེས་པར་དུ་བརྒྱུད་དགོས་པའི་འགྲོ་ལམ་ཉག་ཅིག་ཡིན། ང་ཚོས་བཅོས་སྒྱུར་གཏིང་ཟབ་བྱས་ཏེ་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱིའི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུ་དང་། ཤེས་བྱའི་བདག་དཔང་ལ་འགན་སྲུང་ལེགས་པོ་བྱ་རྒྱུ། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ལ་ཕྱོགས་རིས་མེད་པ་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་གཏོང་བར་སྐུལ་སྤེལ་དང་ཞབས་ཞུའི་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏང་ནས། ཀྲུང་གོ་འདི་འགུག་ནུས་ཆེན་པོ་ལྡན་པའི་མ་གཏོང་བྱེད་ཡུལ་གཙོ་བོ་རུ་བསྒྱུར་དགོས། རྒྱལ་ཁབ་སོ་སོས་ཁེ་ལས་ཀྱིས་མུ་མཐུད་དུ་ཀྲུང་གོར་མ་དངུལ་གཏོང་ཤུགས་ཇེ་ཆེ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་དུ་སྤེལ་དགོས།

ཝང་དབྱི་དང་ཧོ་ལི་ཧྥུན་གཉིས་གོང་གོ་བྱ་འགུལ་ནང་ཞུགས།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།