ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་ཡིས་སི་ཕེན་གྱི་གྲོས་ཁང་འོག་མའི་གྲོས་དཔོན་པ་ཐའེ་ཐེ་དང་གྲོས་མོལ་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས15ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་བརྙན་ལམ་ནས་སི་ཕེན་གྱི་གྲོས་ཁང་འོག་མའི་གྲོས་དཔོན་པ་ཐའེ་ཐེ་དང་གྲོས་མོལ་གནང་། 

ཟླ12པའི་ཚེས15ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་བརྙན་ལམ་ནས་སི་ཕེན་གྱི་གྲོས་ཁང་འོག་མའི་གྲོས་དཔོན་པ་ཐའེ་ཐེ་དང་གྲོས་མོལ་གནང་།   

ལི་ཀྲན་ཧྲུའུ་ཡིས་བཤད་རྒྱུར། སི་ཕེན་ནི་ཀྲུང་གོའི་གྲོགས་པོ་བཟང་བོ་དང་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན། 2018ལོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཕེན་ལ་རྒྱལ་དོན་འཚམས་འདྲི་གནང་ནས། ཕྱོགས་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་དུས་སྐབས་གསར་པར་སླེབས་པར་སྐུལ་འདེད་བཏང་། ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་གཏིང་ཟབ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་ཕྱིན་ནས།  ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་ཐེབས་ཤིང་། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་མཉམ་ལས་ལ་དུས་རབས་གསར་པར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་བྱུང་ཡོད། 

 ལི་ཀྲན་ཧྲུའུ་ཡིས་བསྟན་དོན། ཀྲུང་གོས་སི་ཕེན་དང་མཉམ་དུ་ཐུན་མོང་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། གཅིག་ནི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། མུ་མཐུད་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་པ་དང་། འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་གི་དགོངས་པ་རྒྱུན་འཛིན་བྱས་ནས་གླེང་མོལ་དང་འབྲེལ་འདྲིས་བྱེད་དགོས། ཀྲུང་གོས་སི་ཕེན་གྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་པར་བསྔགས་བརྗོད་བྱེད་ཀྱིན་ཡོད། གཉིས་ནི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། མཉམ་ལས་ཀྱི་གོ་སྐབས་གསར་པ་དམ་འཛིན་བྱས་ནས། ཕན་ཚུན་སྦྲེལ་མཐུད་དང་ནུས་རྒྱུ་གཙང་མ། དྲ་ཐོག་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ལེགས་ཆ་གསབ་རེས་དང་གཉིས་ཁེ་མཉམ་རྒྱལ་བྱེད་དགོས། སི་ཕེན་གྱི་ཁེ་ལས་སྔར་བས་མང་པོ་ཀྲུང་གོར་མ་འཇོག་ལས་སྤེལ་བྱེད་པར་ཡོང་བར་དགའ་བསུ་ཞུ། གསུམ་ནི་སྤྱི་ཚོགས་ཀྱི་རིག་གནས་འབྲེལ་འདྲིས་གཏིང་ཟབ་ཏུ་བཏང་ནས། རིག་གནས་དང་ལུས་རྩལ། རིག་མཛོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་བར་ཕན་ཚུན་ཤེས་རྟོགས་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་དགོས། སི་ཕེན་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པར་དགའ་བསུ་ཞུ། བཞི་ནི་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱས་ཏེ། ཐུན་མོང་ཐོག་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བ་ཡིན་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བཅས་བྱས་ཏེ། ཐུན་མོང་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་དགོས། 

ལི་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་ཀྱིས་སི་ཕེན་གྲོས་ཚོགས་དང་མཉམ་དུ་འབྲེལ་འདྲིས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོ་དང་། འཐུས་མི་དང་གྲོས་མི་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་རྒྱག་པའི་རེ་བ་ཡོད། ཁྲིམས་འཛུགས་དང་ཁྲིམས་བཟོ་བཅོས་སོགས་ཀྱི་བྱ་ཐབས་བརྒྱུད། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་འགན་ལེན་བྱས་ཏེ། སྒོ་འབྱེད་དང་དྲང་གཞག་གི་ཚོང་གཉེར་ཁོར་ཡུག་གཏོད་དགོས། རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བརྒྱབ་ནས། ཐུན་མོང་ཐོག་ཁྲིམས་འཛུགས་སྒྲིག་གཞིའི་ནུས་པ་ཆེ་རུ་གཏོང་དགོས། རྒྱལ་ཁབ་སོ་སོའི་གྲོས་ཚོགས་མནའ་འབྲེལ་སོགས་ཕྱོགས་མང་རིང་ལུགས་ཀྱི་གནས་ཡུལ་དུ་སྙོམས་སྒྲིག་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། 

པ་ཐའེ་ཐེ་ཡིས་བསྟན་དོན། སི་ཕེན་གྱིས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། མཐའ་གཅིག་ཏུ་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་གྱིན་ཡོད། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགྲན་སློང་དྲག་པོའི་མདུན་དུ། གོ་ལ་ཧྲིལ་པོའི་མཉམ་ལས་ཀྱི་གལ་ཆེའི་རང་བཞིན་སྔར་བས་འབུར་དུ་ཐོན་ཡོད། ཐོག་མཐའ་ཀུན་དུ་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་འོས། སི་ཕེན་གྲོས་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་པོའི་ཚོང་དོན་དང་མ་འཇོག སྤྱི་ཚོགས་རིག་གནས། སློབ་གསོ། ལུས་རྩལ་སོགས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད། ལུས་རྩལ་ཆབ་སྲིད་ཅན་དུ་བསྒྱུར་བར་ངོ་རྒོལ་བྱེད། ཀྲུང་གོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་བདེ་ལེགས་ངང་གཉེར་བར་སྨོན་འདུན་ཞུ། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།