ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨ་རིའི་དབུས་རྒྱུད་ས་ཁུལ་དུ་རླུང་འཁོར་དྲག་པོའི་གནོད་འཚེ་ཚབས་ཆེན་ཐེབས་པར་ཨ་རིའི་ཙུང་ཐུང་པའེ་ཏེང་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཁེན་ཐ་ཅི་དང་དབྱི་ལི་ནུའོ་དབྱི། ཨ་ཁེན་སེ། སྨི་ཞི་ཤི་པི། ཐན་ན་ཤིས། སྨི་སུའུ་ལི་སོགས་དབུས་རྒྱུད་ཀྱི་ས་ཁུལ6ལ་རླུང་འཁོར་དྲག་པོའི་འཇབ་རྒོལ་ཐེངས་མང་པོར་ཐེབས་པ་མ་ཟད། མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་ཐེབས་པར་ཨ་རིའི་ཙུང་ཐུང་པའེ་ཏེང་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་སྟེ། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ནས་གནོད་འཚེ་ཐེབས་པའི་ཨ་རིའི་མི་དམངས་ལ་གདུང་སེམས་མཉམ་སྐྱེ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།