ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཁག10ཡིས་མཉམ་དུ་ཁྱིམ་ཚང་སློབ་གསོ་སྐུལ་འདེད་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-12-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་དང་སློབ་གསོ་པུའུ།  རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཆེས་མཐོ་མི་དམངས་ཁྲིམས་ཁང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་། དམངས་སྲིད་པུའུ། ཁྲིམས་འཛིན་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། ཀྲུང་གོའི་མི་རབས་བརྗེ་མར་སེམས་ཁུར་བྱ་བའི་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག10ཡིས་པེ་ཅིང་ནས་མཉམ་དུ་ཁྱིམ་ཚང་སློབ་གསོ་སྐུལ་འདེད་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའམ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྲིན་ཡུའེ་ཡུའེ་ཚོགས་འདུར་ཞུགས་ཏེ་གཏམ་བཤད་གནང་། ཁོང་གིས་ཁྱིམ་ཚང་སློབ་གསོ་སྐུལ་འདེད་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་འགན་རང་བཞིན་དང་འགན་འཁྲི་རང་བཞིན་ལ་ཤུགས་བསྣན་ཏེ། ཀུན་སྤྱོད་བཟང་བའི་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་འབུར་དུ་ཐོན་དགོས་ལ། ཁྱིམ་བདག་གི་གཙོ་གཞིའི་འགན་འཁྲི་དོན་འཁྱོལ་བྱས་ཏེ། ཁྱིམ་ཚང་སློབ་གསོའི་མཛུབ་སྟོན་ཞབས་ཞུ་མ་ལག་འཛུགས་སྐྲུན་ལ་མཐུན་སྦྱོར་སྐུལ་འདེད་གཏོང་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱིམ་ཚང་དང་ཁྱིམ་གྱི་སློབ་གསོ། ཁྱིམ་སྲོལ་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་པའི་སྐོར་གྱི་རྣམ་བཤད་ཀྱི་དགོངས་དོན་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་བླང་བྱ་དོན་འཁྱོལ་བྱས་ཏེ། ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པ་དང་རྒྱལ་ཁབ་ཀྱི་ཆེད་དུ་མི་སྣ་སྐྱེད་སྲིང་བྱེད་དགོས་ཞེས་ནན་གྱིས་བསྣན། 

རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཅུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཧོང་ཞའོ་ཝེ་ཡིས་ཚོགས་འདུ་ལ་མགོ་འཛིན་བྱས་ཤིང་། འབྲེལ་ཡོད་སྡེ་ཁག་གིས་ལག་བསྟར་དོན་འཁྱོལ་བྱ་བར་བཀོད་སྒྲིག་བྱས་ལ། པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཁང་དང་ཧྲན་ཏུང་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་མི་སྣས་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་གཏམ་བཤད་གནང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།