ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་མགོ་འཛིན་མཛད་དེ་རྒྱལ་ཡོངས་སྲིད་གྲོས་ཀྱི་དྲ་རྒྱའི་སྲིད་གླེང་གི་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་འཚོགས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་དྲ་རྒྱའི་སྲིད་གླེང་གི་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་འཚོགས་ནས“དུས་རབས་གསར་པའི་སློབ་གྲྭ་ཆུང་འབྲིང་གི་ངལ་རྩོལ་སློབ་གསོར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པར”གྲོས་མོལ་སྲིད་གླེང་གནང་། ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་མཛད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས13ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ“དུས་རབས་གསར་པའི་སློབ་གྲྭ་ཆུང་འབྲིང་གི་ངལ་རྩོལ་སློབ་གསོར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པའི”དྲ་རྒྱའི་སྲིད་གླེང་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་འཚོགས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་བྱས་ནས་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ངལ་རྩོལ་སློབ་གསོར་ཤུགས་སྣོན་རྒྱག་རྒྱུ་དེ་ན་གཞོན་དག་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་འབྲེལ་ཡོད། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ལ་འབྲེལ་ཡོད་པར་མ་ཟད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ་འབྲེལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ངལ་རྩོལ་སློབ་གསོའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས། ངལ་རྩོལ་སློབ་གསོ་ཁྱིམ་ཚང་དང་སློབ་གྲྭ སྤྱི་ཚོགས་བཅས་ཕྱོགས་སོ་སོར་ཁྱབ་པ་བྱས་ཏེ། ཀུན་སྤྱོད་དང་བློ་གྲོས། ལུས་རྩལ། མཛེས་དཔྱད་བཅས་ལ་མཉམ་འདྲེས་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། སློབ་གྲྭ་ཆུང་འབྲིང་དུ་མར་ཁེ་སི་རིང་ལུགས་ཀྱི་ངལ་རྩོལ་ལྟ་བ་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱས་ཏེ། ཀུན་སྤྱོད་དང་བློ་གྲོས། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས། 

ཚེས13ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིང་དུ“དུས་རབས་གསར་པའི་སློབ་གྲྭ་ཆུང་འབྲིང་གི་ངལ་རྩོལ་སློབ་གསོར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པའི”དྲ་རྒྱའི་སྲིད་གླེང་རྒྱང་བསྟེན་གྲོས་མོལ་ཚོགས་འདུ་འཚོགས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་བྱས་ནས་གསུང་བཤད་གནང་། 

སྲིད་གྲོས་ཨུ་ཡོན་དང་ཆེད་མངགས་གདན་ཞུས་འཐུས་མི9ཡིས་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་དང་། ཐེན་ཅིན། ཅང་སུའུ། ཧའེ་ནན་བཅས་ཚོགས་ར4དང་ལག་ཐོགས་ཁ་པར་བརྒྱུད་བརྙན་ལམ་ནས་གཏམ་བཤད་སྤེལ།  ཨུ་ཡོན80ཙམ་གྱིས་སྒུལ་བདེའི་འགན་སྒྲུབ་ལས་སྟེགས་ཐོག་བསམ་འཆར་བཏོན། ཚང་མས་ཉེ་བའི་ལོ་འགའི་རིང་། ཕྱོགས་སོ་སོས་ངལ་རྩོལ་སློབ་གསོའི་ངོས་འཛིན་རིམ་བཞིན་གཏིང་ཟབ་ཏུ་ཕྱིན་པ་དང་། ཧུར་ཐག་གིས་འཚོལ་ཞིབ་ལ་སྐུལ་འདེད་དང་བྱ་ཐབས་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་སྟེ། ངལ་རྩོལ་སློབ་གསོའི་མཐར་ལས་པའི་རྣམ་པར་འགྱུར་ལྡོག་འགྲོ་བཞིན་ཡོད་མོད། འོན་ཀྱང་སྤྱི་ཡོངས་ནས་ལྟས་ནས་ངལ་རྩོལ་སློབ་གསོར་སྔར་བཞིན་ཞན་ཆ་ཡོད་ལ། ལས་ཀའི་ཁྲོད་དཀའ་ངལ་དང་འགལ་རྐྱེན་མི་ཉུང་བ་ཡོད་པས། མུ་མཐུད་དུ་ཤུགས་བརྒྱབ་ནས་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པར་འདོད།  

ཨུ་ཡོན་ཚོས་བསམ་འཆར་བཏོན་དོན། རྩེ་རིམ་ཇུས་འགོད་དང་ཡུལ་བསྟུན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ངལ་རྩོལ་སློབ་གསོའི་གཞི་རྩའི་ནང་དོན་ཁོང་དུ་ཆུད་པ་དང་། ངལ་རྩོལ་སློབ་གསོའི་སློབ་ཚན་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱེད་པ། འབྲེལ་ཡོད་བསླབ་གཞི་དང་དགེ་རྒན་སོགས་ཀྱི་ཚད་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། “ངལ་ཡོད་སློབ་མེད”དང“སློབ་ཡོད་ངལ་མེད”སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་གྲོས་མགོ་བཏོན་ཡོད། ཀུན་སྤྱོད་དང་བློ་གྲོས། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཀྱི“རིགས་ལྔ”སྦྲེལ་མཐུད་བྱས་ནས། རིག་ཚན་སོ་སོ་དང་ངལ་རྩོལ་སློབ་གསོ་ནུས་ལྡན་ངང་མཉམ་འདྲེས་བྱེད་སའི་ནང་འཇུག་ས་དང་ཤུགས་རྒྱག་ས་འཚོལ་ཞིབ་བྱེད་དགོས། སྒོ་ཕྱེས་ནས་ངལ་རྩོལ་སློབ་གསོ་གཉེར་བའི་འདུ་ཤེས་བཙུགས་ཏེ། འབྲེལ་ཡོད་མཐོ་སློབ་དང་ལས་རིགས་སློབ་གླིང། ཁེ་ལས་དང་བྱ་གཞག་ལས་ཁུངས། བཟོ་གཏེར། ཞིང་ནགས་ར་བ་སོགས་ངལ་རྩོལ་ལག་ལེན་བྱ་ཡུལ་གྱི་སྒོ་འབྱེད་མཉམ་སྤྱོད་ཀྱི་ལམ་སྲོལ་འཚོལ་ཞིབ་ཀྱིས་བཙུགས་ནས། སློབ་གྲྭ་ཆུང་འབྲིང་གི་ངལ་རྩོལ་སློབ་ཁྲིད་བྱ་ཡུལ་དཀོན་པའི་དཀའ་གནད་སེལ་དགོས། ཆ་རྐྱེན་འཛོམས་པའི་དགེ་འོས་སློབ་གྲྭ་དང་སློབ་གླིང་དུ་ངལ་རྩོལ་སློབ་གསོའི་འབྲེལ་ཡོད་ཆེད་ལས་འཛུགས་གཉེར་བྱེད་པར་བསྔགས་སྐུལ་བྱེད་པ་དང་། ངལ་རྩོལ་སློབ་གསོའི་སློབ་ཚན་འགན་ཁུར་བའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྣམས་ལ་ཆེད་དོན་གསོ་སྦྱོང་བྱེད་དགོས་ཤིང་། ཆེད་གཉེར་དང་ལས་འགན་གཅིག་འཁུར་བྱེད་པའི་དགེ་རྒན་གྱི་དཔུང་ཁག་བཙུགས་ནས། ངལ་རྩོལ་སློབ་གསོ་ཁྲིད་མཁན་ཡོད་ལ་འཁྲིད་པ་ལེགས་པར་ཁག་ཐེག་བྱ་དགོས། ངལ་རྩོལ་སློབ་གསོའི་ཁྲོད་ཀྱི་ཁྱིམ་ཚང་གི་རྨང་གཞིའི་ནུས་པར་མཐོང་ཆེན་བྱས་ནས། ཁྱིམ་ཚང་སློབ་གསོར་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཤིང་། ཁྱིམ་བདག་ལ་ཡང་དག་པའི་ཁྱིམ་ཚང་གི་སློབ་གསོའི་ལྟ་བ་འཛུགས་པ་དང་། ངལ་རྩོལ་ལ་བརྩི་མཐོང་དང་ངལ་རྩོལ་ལ་བརྩི་འཇོག་བྱེད་པའི་ཁྱིམ་སྲོལ་བཟང་པོ་འཛུགས་པར་རོགས་རམ་བྱེད་པ། ཁྱིམ་ཚང་དང་སློབ་གྲྭས་ཐུན་མོང་ཐོག་ངལ་རྩོལ་ལས་འགན་གྱི་གསལ་ཐོ་བཟོ་པར་ལྕག་སྐུལ་བྱེད་པ་བཅས་བྱས་ནས། ངལ་རྩོལ་སློབ་གསོ་དང་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་རྒྱུན་གཏན་འཚོ་བ་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་སྐུལ་འདེད་གཏང་དགོས། དཔྱད་ཞིབ་གདེང་འཇོག་དང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས། ངལ་རྩོལ་སློབ་གསོའི་འགན་ལེན་གནས་ཚུལ་ས་གནས་སྲིད་གཞུང་གི་སློབ་གསོའི་འགན་འཁྲི་སྒྲུབ་པའི་གདེང་འཇོག་ནང་དོན་ནང་འཇུག་པ་དང་། ངལ་རྩོལ་སློབ་གསོ་སྤེལ་ཚུལ་དེ་སློབ་གྲྭའི་སློབ་གཉེར་སྤུས་ཚད་གདེང་འཇོག་ནང་འཇུག་པ། ངལ་རྩོལ་ལག་ལེན་བྱས་ཚུལ་དེ་སློབ་མའི་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་ནང་འཇུག་དགོས། ངལ་རྩོལ་གཟི་བརྗིད་དང་རླབས་ཆེན་གསར་སྐྲུན་གྱི་བརྗོད་བྱ་གཙོ་བོ་དར་སྤེལ་ཤུགས་ཆེན་བཏང་སྟེ། ངལ་མེད་འབྲས་ལེན་དང་ལོངས་སྤྱོད་ལ་ཞེན་ཆགས་པའི་འདུ་ཤེས་ནོར་འཁྲུལ་ཅན་ཡོད་ཚད་ལ་ལྟ་བ་གསལ་སྟོན་གྱིས་ངོ་རྒོལ་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་ངལ་རྩོལ་སློབ་གསོར་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་བསྐྲུན་དགོས། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིང་ལི་དང་ལུའུ་ཀྲན་ཀུང་། ལི་པིན། ལིའུ་ཤིན་ཁྲིན་བཅས་ཚོགས་འདུར་ཞུགས། སྲིད་གྲོས་ཨུ་ཡོན་ཀྲང་ཀྲེང་ཝུན་དང་། ཏུའན་ཧུང་། ཐང་ཅང་ཕིང། མཱ་ཅིན་ལིན། ཅ་ཁྲོང་ཞུང་། ཕན་ཁྲུན་ལེ། ཧྲི་དབྱི་ཡུན་བཅས་དང་། ཆེད་མངགས་གདན་ཞུའི་འཐུས་མི་མིང་ཅན་ཕིང་དང་། ལི་ཝེ་ཡིས་གཏམ་བཤད་གནང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སློབ་གསོ་པུའུ། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འགན་འཁུར་བས་ཡུལ་དངོས་སུ་གྲོས་མོལ་དང་བསམ་བློ་བརྗེ་རེས་བྱས། །  

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།