ཀྲུང་གོ་བོད་ཀྱི་དྲ་བ།

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཕྱོགས་ལྔའི་སྲིད་ཇུས་ཀྱིས་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་རོགས་སྐྱོར་རྫོང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པར་བསྟན།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་ཚེས7ཉིན《རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་རོགས་སྐྱོར་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར》ཁྱབ་བསྒྲགས་བྱས་པ་དང་། ཕྱོགས་ལྔ་ཡི་སྲིད་ཇུས་བྱེད་ཐབས21བཏོན་ནས་གཙོ་གནད་རོགས་སྐྱོར་རྫོང་གི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་དང་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ་རེད།

ཕྱོགས་ལྔའི་གཟིགས་སྐྱོང་སྲིད་ཇུས་ནི། ལས་ཞུགས་རོགས་སྐྱོར་ལ་ཤུགས་བསྣན་ནས་རྒྱུན་མཐུད་འབབ་འཕར་ལ་སྐུལ་འདེད་གཏོང་བ་དང་། ནུས་རྩལ་རྒྱབ་སྐྱོར་ལ་ཤུགས་བསྣན་ཏེ་རྩལ་ནུས་མཐོར་འདེགས་སུ་གཏོང་བ་མངོན་འགྱུར་བྱེད་པ། སྤྱི་ཚོགས་འགན་སྲུང་རོགས་སྐྱོར་སྲིད་ཇུས་དངོས་འབེབས་བྱས་ཏེ་གཞི་རྩའི་འཚོ་བའི་ཚད་ཐིག་བརྟན་སྲུང་བྱེད་པ། འཇོན་མིའི་མི་དོན་རོགས་སྐྱོར་ཤུགས་ཆེར་བཏང་ནས་ནང་ནུས་འཕེལ་རྒྱས་སྟོབས་ཤུགས་ཇེ་ཆེར་གཏོང་བ། ཤར་ནུབ་རྒྱུད་ཀྱི་མི་སྤྱི་མཐུན་སྦྱོར་ལ་ཤུགས་བསྣན་ནས་འཇོན་མི་དང་ནུས་རྩལ་ཕྱོགས་གཉིས་ཀྱི་འཁོར་རྒྱུག་ལ་ཤུགས་སྣོན་པ་བཅས་ཡིན།

བསམ་འཆར་ལས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་སྐབས་སུ། གཙོ་གནད་རོགས་སྐྱོར་རྫོང་གི་དབུལ་ཐར་མི་གྲངས་ཀྱི་ལོ་རེའི་ལས་ཞུགས་གཞི་ཁྱོན་ཀྱི་སྤྱིའི་བརྟན་བརླིང་ཡོང་བ་སྲུང་འཛིན་བྱས་ཏེ། ལས་ཞུགས་ཀྱི་འདོད་བློ་ཡོད་པའི་ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ལ་རོགས་སྐྱོར་བྱས་ནས་ལས་ཞུགས་དང་རྒྱུན་མཐུད་འབབ་འཕར་ཡོང་བ་མངོན་འགྱུར་བྱེད་དགོས། དབུལ་ཐར་ཁྱིམ་ཚང་དང་དབུལ་ལོག་སྔོན་འགོག་བརྟག་བཤེར་བྱ་ཡུལ་ཁྱིམ་ཚང་ལ་གསོ་སྦྱོང་གི་དགོས་མཁོ་ཡོད་པའི་ངལ་རྩོལ་པ་ཚང་མ་ལས་རིགས་གསོ་སྦྱོང་ལ་ཞུགས་སུ་འཇུག་པ་དང་། ལག་རྩལ་སློབ་གླིང་དུ་ཞུགས་འདོད་ཡོད་པའི་ལོ་ཉི་ཤུ་མན་གྱི་ན་གཞོན་ཚང་མར་ནུས་རྩལ་སློབ་གསོ་མྱོང་དུ་འཇུག་དགོས། ཤང་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་འགན་སྲུང་གི་གྲོན་དངུལ་སྤྲོད་དཀའ་བའི་མང་ཚོགས་ཀྱི་ཚབ་ཏུ་གྲོན་དངུལ་སྤྲོད་པའི་སྲིད་ཇུས་དངོས་འབེབས་བྱས་ཏེ་གཞི་རྩའི་རྒན་གསོ་འགན་སྲུང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།