ཀྲུང་གོ་བོད་ཀྱི་དྲ་བ།

ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ཞིང་ལས་ཞིང་སྡེ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དམིགས་འབེན་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་ལས་ཞིང་སྡེ་པུའུ་ཡི་པུའུ་ཀྲང་གཞོན་པ་ཏིན་ཞའོ་ཀང་གིས་ཚེས9ཉིན་བསྟན་དོན། ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཆར་འགོད》དཔར་འགྲེམ་བྱས། འཆར་འགོད་ལས་2025ལོར་བསླེབ་དུས་ཞིང་ལས་རྨང་གཞི་སྔར་ལས་བརྟན་འཇགས་ཡིན་པ་དང་། གྲོང་གསེབ་དར་སྤེལ་སྲིད་ཇུས་ལ་ཡོངས་སུ་སྐུལ་འདེད་བཏང་སྟེ། ཞིང་ལས་ཞིང་སྡེ་དེང་རབས་ཅན་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཅིང་། རིམ་པ་བཞིན་ཆ་རྐྱེན་འཛོམས་པའི་ས་ཁུལ་གྱིས་ཐོག་མར་ཞིང་ལས་ཞིང་སྡེ་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། དབུལ་ཐར་ས་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པ་མངོན་འགྱུར་བྱས་ཏེ། 2035ལོར་བསླེབ་དུས། གྲོང་གསེབ་ཀྱི་ཕྱོགས་ཡོངས་དར་སྤེལ་ལ་གཏན་ཁེལ་རང་བཞིན་གྱི་འཕེལ་རྒྱས་འབྱུང་བ་དང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱེད་པར་བརྩོན་ལེན་བྱ་རྒྱུ་ཡིན་པར་བཏོན་ཡོད།  །

12594895062418755234.jpg

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།