ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་ངོགས་གཉིས་ཀྱི་ཁེ་ལས་པའི་ཙེ་ཅིན་ཧྲན་དབུ་ཚོགས་འཚོགས་པ་དང་ཝང་དབྱང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས7ཉིན། 2021ལོའི་ངོགས་གཉིས་ཀྱི་ཁེ་ལས་པའི་ཙེ་ཅིན་ཧྲན་དབུ་ཚོགས་བརྙན་ལམ་ནས་ནན་ཅིང་གྲོང་ཁྱེར་དང་ཐའེ་པེ་གྲོང་ཁྱེར་དུ་དུས་གཅིག་ཏུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ངོགས་གཉིས་ཀྱི་ཁེ་ལས་པའི་དབུ་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ། ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚབ་བྱས་ནས་དབུ་ཚོགས་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། དབུ་ཚོགས་ཀྱི་ཚོགས་མི་ཡོངས་དང་ཚོགས་ཞུགས་སྐུ་མགྲོན་ལ་འཚམས་འདྲི་ཞུས། 

ཝང་དབྱང་གིས་བསྟན་དོན། ངོགས་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ངོགས་གཉིས་ཀྱི་དམངས་སེམས་གཏད་ཕྱོགས་དང་མཐུན་ལ། སྤུན་ཟླའི་བདེ་རྩ་ཆེ་རུ་གཏོང་བར་ཡང་ཕན། འགལ་རྐྱེན་མང་པོའི་ཤུགས་རྐྱེན་ཐེབས་ཀྱང་། ངོགས་གཉིས་ཀྱི་ཉོ་ཚོང་གྲངས་འབོར་སྔར་བཞིན་མགྱོགས་མྱུར་ངང་འཕར་བ་རྒྱུན་འཁྱོངས་ཐུབ་ལ། ཐའེ་ཝན་གྱི་ཁེ་ལས་སྐམ་སར་མ་འཇོག་བྱེད་པར་ཡོང་བའི་སྤྲོ་སེམས་ཇེ་ཆུང་དུ་ཕྱིན་མེད་པར་མ་ཟད་རིམ་བཞིན་ཇེ་མཐོར་ཕྱིན་ཡོད། ངོགས་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལ་སྒུལ་ཤུགས་ཆེན་པོ་དང་མཉེན་ཤུགས་ཆེན་པོ། གཏིང་ཤུགས་ཆེན་པོ་བཅས་ཡོད། མེས་རྒྱལ་སྐམ་ས་ཆེ་མོ་ཐོག་མཐའ་བར་གསུམ་དུ་རྒྱ་ཆེའི་ཐའེ་ཝན་ཚོང་པ་དང་ཐའེ་ཝན་ཁེ་ལས་པའི་མ་འཇོག་ལས་དར་བྱེད་པའི་ས་ཆ་ཡག་ཤོས་དང་འཕེལ་རྒྱས་ཡར་ཐོན་གྱི་བརྟེན་ས་ཡིན།  

ཝང་དབྱང་གིས་ནན་གྱིས་བསྟན་དོན། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་ཀྲུང་གུང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཁྱོན་ཡོངས་ནས་སྤྱི་སྡོམ་བྱས་ཤིང་། མི་རིགས་བསྐྱར་དར་གྱི་འཕེལ་རིམ་ཁྲོད་མེས་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏང་བའི་ལངས་ཕྱོགས་དང་ཆོད་སེམས་བརྟན་པོ་གཟབ་ནན་ངང་ཁྱབ་བསྒྲགས་བྱས་ཡོད། ང་ཚོས་དུས་རབས་གསར་པའི་ཏང་གིས་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱིའི་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་དང་། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་བྱ་སྤྱོད་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་ལ། སྤུན་ཟླའི་བདེ་རྩ་ལ་གཞི་བཅོལ་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་དང་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ“ངོགས་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”འདུ་ཤེས་ལ་འགྱུར་ལྡོག་གཏོང་མི་སྲིད་ལ། སྔོན་ལ་ཐའེ་ཝན་སྤུན་ཟླ་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པའི་སྲིད་ཇུས་ལ་འགྱུར་ལྡོག་གཏོང་མི་སྲིད། ཐའེ་ཝན་གྱི་ཚོང་པ་དང་ཐའེ་ཝན་གྱི་ཁེ་ལས་པ་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་སྒྲུབ་པའི་བྱེད་ཐབས་ལ་འགྱུར་ལྡོག་གཏོང་མི་སྲིད། 

ཝང་དབྱང་གིས་བསྟན་དོན། ཁེ་ལས་ནི་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བའི་ཕན་ཁེ་ཐོབ་མཁན་ཡིན་ལ། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོ་སྐྲུན་མཁན་ཡང་ཡིན། དབུ་ཚོགས་ཀྱི་ཕྱོགས་གཉིས་པོའི་ལས་འཛིན་ལྷན་ཚོགས་ཀྱིས་ངོགས་གཉིས་ཀྱི་ཁེ་ལས་ལས་རིགས་ཀྱི་མི་སྣར་མཐུན་སྒྲིལ་བྱས་ཏེ། འཕེལ་ཕྱོགས་ཆེན་པོར་ལྟ་བ་དང་བདེན་དོན་གསལ་བོར་ཤེས་པ། བགྲོད་ལམ་ཆེན་པོར་སྐྱོད་པ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ཏེ། མཐའ་གཅིག་ཏུ“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་ཕྱོགས་དང་དབྱེ་མཚམས་གསལ་པོ་ཕྱེ་ནས། མེས་རྒྱལ་ཡོངས་སུ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་པའི་རེ་བ་ཡོད། 

དབུ་ཚོགས་སྐམ་ས་ཆེན་མོའི་ཕྱོགས་ཀྱི་ལས་འཛིན་དཔོན་ཀུའོ་ཅིན་ལུང་དང་ལས་འཛིན་དཔོན་གཞོན་པ་ཀྲང་ཕིང་སོགས་ནན་ཅིང་དུ་ལོ་ཚོགས་ལ་ཞུགས། ངོགས་གཉིས་ཀྱི་བཟོ་ཚོང་ལས་རིགས་ཀྱི་མི་སྣ500ལྷག་ཚོགས་འདུར་ཞུགས་ཡོད། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།