ཀྲུང་གོ་བོད་ཀྱི་དྲ་བ།

ཟླ11པའི་ཟླ་སྨད་བར་རང་རྒྱལ་དུ་ཕྱི་དངུལ་གསོག་འཇོག་གི་གཞི་ཁྱོན་ཨ་སྒོར་དུང་ཕྱུར32224ལ་སླེབས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས7ཉིན། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའུ་ཡིས་བསྒྲགས་པའི་གཞི་གྲངས་ལྟར་ན། 2021ལོའི་ཟླ11པའི་ཟླ་སྨད་བར་རང་རྒྱལ་གྱི་ཕྱི་དངུལ་གསོག་འཇོག་གི་གཞི་ཁྱོན་ཨ་སྒོར་དུང་ཕྱུར32224ལ་སླེབས་པ་དེ་ཟླ10པའི་ཟླ་སྨད་ལས་ཨ་སྒོར་དུང་ཕྱུར48འཕར་ཞིང་། འཕར་ཚད0.15%རེད། 

2021ལོའི་ཟླ11པར་ཕྱི་དངུལ་ཁྲོམ་རའི་ཉོ་ཚོང་གི་རྣམ་པ་ཕུན་སུམ་ཚོགས་པ་དང་། རྒྱལ་མཚམས་བརྒལ་བའི་མ་དངུལ་འཁོར་རྒྱུག་བྱེད་ཚད་གཞི་རྩའི་སྟེང་ནས་བརྟན་བརླིང་ཡིན་པ་རེད། རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་ར་ལྟར་ན། ཨ་སྒོར་གྱི་སྟོན་གྲངས་ཡར་འཕར་བ་དེ་གཙོ་བོ་རྒྱལ་ཁབ་ཀྱི་བུན་འཛིན་རིན་ཐང་གཞི་རྩའི་སྟེང་ནས་ཡར་འཕར་བས་རེད། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པའམ་གསར་འགྱུར་མགྲིན་ཚབ་པ་ཝང་ཁྲུན་དབྱིན་གྱིས། ཕྱི་དངུལ་གསོག་འཇོག་དངུལ་ལོར་དེ་ཨ་སྒོར་ལྟར་བརྩི་དགོས་ཤིང་། དངུལ་བརྗེས་འཛའ་ཐང་གི་ཕབ་རྩིས་དང་རྒྱུ་ནོར་རིན་ཐང་འགྱུར་ལྡོག་སོགས་ཀྱི་དབང་གིས་ཟླ་འདིའི་ཕྱི་དངུལ་གསོག་འཇོག་གི་གཞི་ཁྱོན་ཡར་འཕར་བ་རེད་ཟེར། ། 

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།