ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་པི་ལི་ཧྲི་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ཏི་ཁི་ལའོ་ལ་བརྙན་ལམ་བརྒྱུད་ནས་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ12པའིི་ཚེས7ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀེ་ནས་པི་ལི་ཧྲི་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ཏི་ཁི་ལའོ་ལ་བརྙན་ལམ་བརྒྱུད་ནས་ཐུག་འཕྲད་བྱེད་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའིི་ཚེས7ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀེ་ནས་པི་ལི་ཧྲི་རྒྱལ་ཁབ་ཀྱི་དབུ་བཞུགས་བློན་ཆེན་ཏི་ཁི་ལའོ་ལ་བརྙན་ལམ་བརྒྱུད་ནས་ཐུག་འཕྲད་གནང་།

ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོ་དང་པི་ལི་ཧྲི་བར་གྱི་འབྲེལ་བའི་འཕེལ་རྒྱས་ཅུང་བཟང་བ་རེད། ད་ལོ་ནི་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པའི་ལོ་ཡིན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་བོ་ཧྥེ་ལི་ཕུའུ་རྣམ་གཉིས་ཀྱིས་ཕན་ཚུན་ལ་འཚམས་འདྲི་གློག་འཕྲིན་བཏང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་པི་ལི་ཧྲི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད་པས། ང་ཚོས་པི་ལི་ཧྲི་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་གྱི་སྤྱོད་ཚུལ་འཛིན་པའི་རྨང་གཞིའི་སྟེང་། ཕན་ཚུན་བར་གྱི་ཆབ་སྲིད་ཡིད་ཆེས་ཇེ་དྲག་དང་གཉིས་ཕན་མཉམ་ལས་གཏིང་ཟབ་དུ་སྤེལ་ནས། མི་ཆོས་བརྗེ་རེས་རྒྱ་སྐྱེད་དང་ཀྲུང་ཕི་འབྲེལ་བ་རྒྱུན་མཐུད་བདེ་ཐང་ངང་གོང་སྤེལ་དུ་གཏོང་བར་སྐུལ་འདེད་གཏོང་དགོས། 

ལི་ཁེ་ཆང་གིས་བསྟན་དོན། པི་ལི་ཧྲི་ལ་སྐྱེ་དངོས་སྨན་རྫས་དང་གློག་རྡུལ་ཕྲ་རབ། དེང་རབས་ཞིང་ལས་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་དངོས་ཤུགས་ཆེན་པོ་ལྡན་པས། ཀྲུང་གོ་ཕྱོགས་ཀྱིས་ཕི་ལི་ཧྲི་ཕྱོགས་དང་མཉམ་དུ་གོང་གི་ཁྱབ་ཁོངས་ཐད་མཉམ་ལས་བྱ་འདོད་ཡོད་ལ། མཉམ་ལས་བྱེད་པའི་གོ་རིམ་ཁྲོད་ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་བྱས་ཏེ་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས། རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50ལོན་པ་འདི་གོ་སྐབས་ཤིག་ཏུ་བཟུང་ནས་རྗེས་དྲན་བྱ་འགུལ་སྣ་མང་སྤེལ་ཏེ་དམངས་སེམས་གཅིག་ཏུ་སྦྲེལ་བར་སྐུལ་འདེད་གཏོང་དགོས། 

ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོ་དང་ཕི་ལི་ཧྲི་གཉིས་ནི་རང་དབང་ཉོ་ཚོང་སྲ་བརྟན་དུ་གཏོང་བའི་སྲུང་སྐྱོང་མཁན་ཡིན། ཀྲུང་གོ་ཕྱོགས་ཀྱིས་པི་ལི་ཧྲི་དང་མཉམ་དུ་ཕྱོགས་མང་སྒྲོམ་གཞི་འོག་གླེང་མོལ་དང་མཐུན་སྦྱོར། མཉམ་ལས་བཅས་བྱེད་པར་ཤུགས་བསྣན་ནས། ལག་གདང་མཉམ་སྦྲེལ་སྒོས་པྲོག་གསར་གློ་ཚད་རིམས་ནད་སོགས་གོ་ལ་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་དགོས། 

ལི་ཁེ་ཆང་གིས། པི་ལི་ཧྲི་ནི་ཡོ་རོབ་མནའ་འབྲེལ་གྱི་ཚོགས་མི་གཙོ་བོ་ཡིན་ལ། པུའུ་ལུའུ་སེ་འར་ནི་ཡོ་རོབ་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ཡོད་ས་ཡིན་པས། ཕི་ལི་ཧྲི་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་བར་གྱི་འབྲེལ་བ་བདེ་ཐང་དང་བརྟན་བརླིང་ངང་གོང་སྤེལ་དུ་གཏོང་བར་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཞེས་བསྟན།

ཏི་ཁི་ལའོ་ཡིས་བསྟན་དོན། ཕི་ལི་ཧྲི་དང་ཀྲུང་གོ་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར50འགོར་བའི་རིང་ཕྱོགས་གཉིས་ཀྱི་འགྲོ་འོང་དམ་ཟབ་ཡིན་པ་རེད། ཕི་ལི་ཧྲི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་རོགས་ཟླ་རུ་གྱུར་བར་དགའ་སྤྲོ་སྐྱེད་བཞིན་ཡོད་ལ། སྔར་ལས་ལྷག་པར་རྒྱལ་ཁབ་གཉིས་བར་གྱི་ཆབ་སྲིད་འགྲོ་འོང་གཏིང་ཟབ་དང་། རིམས་ནད་ཀྱི་ཤུགས་རྐྱེན་འོག་ཕྱོགས་གཉིས་ཀྱི་ཐད་ཀའི་གླེང་མོལ་ལ་ཤུགས་སྣོན་བརྒྱབ་སྟེ། མ་རྩ་གཏོང་བ་དང་ཉོ་ཚོང་། སྨན་རྫས། ཚན་རིག་ཞིབ་འཇུག ཤེས་བྱའི་བདག་དབང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་དགོས། ཕི་ལི་ཧྲི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རང་དབང་ཉོ་ཚོང་ལ་རྒྱབ་སྐྱོར་དང་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ་ཡིན་པ་མ་ཟད། ཡོ་རོབ་མནའ་འབྲེལ་དང་ཀྲུང་གོ་བར་གྱི་འབྲེལ་བ་བདེ་ཐང་ངང་གོང་སྤེལ་དུ་གཏོང་བར་ཧུར་ཐག་སྒོས་ནུས་པ་འདོན་སྤེལ་བྱ་རྩིས་ཡོད། 

ཧོ་ལི་ཧྥིན་གོང་གི་བྱ་འགུལ་ནང་ཞུགས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།