ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་ཟླ་སྔོན་མ་བཅུ་གཅིག་རིང་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་དེ་ན་ནིང་གི་ལོ་ཧྲིལ་བོའི་སྤྱི་འབོར་ལས་བརྒལ་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྒོ་ཁྲལ་ལས་ཁུངས་ཀྱི་བསྡོམས་རྩིས་ལྟར་ན། ད་ལོའི་ཟླ་སྔོན་མ11གི་རིང་། རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་ནི་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི35.39ཡིན་པ་དང་དུས་མཉམ་ལས22%འཕར་ཞིང་། 2019ལོའི་དུས་མཉམ་ལས24%འཕར་ཡོད། དེའི་ནང་། ཕྱིར་གཏོང་གི་སྤྱི་འབོར་ནི་སྒོར་དུང་ཕྱུར་ཁྲི19.58དང་དུས་མཉམ་ལས21.8%འཕར་ཡོད། ནང་འདྲེན་གྱི་སྤྱི་འབོར་ནི་སྒོར་དུང་ཕྱུར་ཁྲི15.81ཡིན་ལ་དུས་མཉམ་ལས22.2%འཕར་བ་དང་། 2019ལོའི་དུས་མཉམ་ལས21.8%འཕར་ཡོད། ཉོ་ཚོང་གི་གཏོང་མང་ཡོང་ཉུང་གི་ཧེ་བག་ནི་སྒོར་དུང་ཕྱུར་ཁྲི3.77ཡིན་ལ20.1%འཕར་ཡོད།

ཨ་སྒོར་ལྟར་བརྩིས་ན། ཟླ་སྔོན་མ11རིང་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་ནི་ཨ་སྒོར་དུང་ཕྱུར་ཁྲི5.47དང་དུས་མཉམ་ལས31.3%འཕར་བ་དང་། 2019ལོའི་དུས་མཉམ་ལས31.9%འཕར་ཡོད།

སྒོ་ཁྲལ་སྤྱི་ཁྱབ་ཧྲུའུ་ཡི་བསྡོམས་རྩིས་དབྱེ་ཞིབ་སི་ཡི་སི་ཀྲང་ལི་ཁུའེ་ཝུན་གྱིས་བསྟན་དོན། ད་ལོའི་ཟླ་སྔོན་མ11རིང་། རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་སྤྱི་འབོར་དེ་ན་ནིང་གི་ལོ་ཧྲིལ་བོའི་གཞི་ཁྱོན་ལས་བརྒལ་ཡོད་པ་དང་། ཕྱི་ཕྱོགས་ཉོ་ཚོང་གི་གྲངས་སྤུས་གཉིས་ཀ་ཇེ་མཐོར་འགྲོ་བའི་རྨང་གཞི་དེ་མུ་མཐུད་དུ་རྒྱུན་འཁྱོངས་དང་སྲ་བརྟན་དུ་གྱུར་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།