ཀྲུང་གོ་བོད་ཀྱི་དྲ་བ།

“ཐེན་གུང་སློབ་ཐུན”ཐེངས་དང་པོ་ཟླ12པའི་ཚེས9ཉིན་ཀྲུང་གོ་བར་སྣང་ས་ཚིགས་ནས་སློབ་ཁྲིད་བྱ་རྩིས་ཡོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་གློག་འཕྲིན་ལྟར། ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་གྲུ་བཟོ་སྐྲུན་གཞུང་ལས་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། “ཐེན་གུང་སློབ་ཐུན”ཐེངས་དང་པོ་ཟླ12པའི་ཚེས9ཉིན་གྱི་དུས་ཚོད15:40སྟེང་། ལྷ་གྲུ་ཨང་བཅུ་གསུམ་པའི་མཁའ་སྐྱོད་པ་ཀྲེ་ཀྲི་ཀང་དང་ཝང་ཡཱ་ཕིང་། ཡེ་ཀུང་ཧྥུའུ་གསུམ་ཀྱིས་ཀྲུང་གོ་བར་སྣང་ས་ཚིགས་ནས་སློབ་ཁྲིད་བྱ་རྩིས་ཡོད།

ཐེངས་འདིའི་བར་སྣང་སློབ་ཁྲིད་བྱ་འགུལ་འདི་གནམ་ས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ། ཀྲུང་གོའི་ཚན་རྩལ་ཁང་ནས་ས་ངོས་ཀྱི་སློབ་ཁང་གཙོ་བོ་བཀོད་སྒྲིག་བྱས་ཡོད་ཅིང་། ཀོང་ཞི་ནན་ཉིང་དང་སི་ཁྲོན་ཝུན་ཁྲོན། ཤང་ཀང་། ཨོ་མིན་བཅས་ནས་ཡན་ལག་སློབ་ཁང་བཙུགས་ཡོད་པ་རེད། དུས་དེར་མཁའ་སྐྱོད་པ3གྱིས་ཀྲུང་གོ་བར་སྣང་ས་ཚིགས་ནང་གི་འཚོ་བ་དང་བྱ་བ་སྒྲུབ་པའི་རྣམ་པ་ངོ་སྤྲོད་བྱ་རྒྱུ་དང་། ལྗིད་ཚད་ཆུང་བའི་ཁོར་ཡུག་འོག་ཕྲ་ཕུང་རིག་པའི་ཚོད་ལྟ་དང་དངོས་གཟུགས་འགུལ་སྐྱོད། གཤེར་གཟུགས་ཀྱི་ཕྱི་ངོས་རྐྱོང་ཤུགས་སོགས་ཀྱི་སྣང་ཚུལ་མངོན་མཚོན་བྱ་རྒྱུ་མ་ཟད། དུས་ཐོག་ཏུ་ས་ངོས་སློབ་ཁང་དང་བསམ་བློ་བརྗེ་རེས་བྱ་རྒྱུ་དང་། མི་སྡོད་འཇིག་རྟེན་འཕུར་སྐྱོད་ཀྱི་ཤེས་བྱ་རྒྱུད་སྒྲོག་བཅས་བྱས་ནས་རྒྱ་ཆེའི་ལོ་ཆུང་གཞོན་ནུ་རྣམས་ལ་ཚན་རིག་གི་སྤྲོ་སྣང་སྐུལ་སྤེལ་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།