ཀྲུང་གོ་བོད་ཀྱི་དྲ་བ།

2021ལོར་རྒྱལ་ཡོངས་ཀྱི་འབྲུ་རིགས་སྤྱིའི་ཐོན་ཚད་རྒྱ་མ་དུང་ཕྱུར13657ལ་སླེབས་པ་དེ་ན་ནིང་གི་དུས་མཉམ་ལས2.0%འཕར་ཡོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཟླ12པའི་ཚེས6ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། 2021ལོར་རྒྱལ་ཡོངས་ཀྱི་འབྲུ་རིགས་སྤྱིའི་ཐོན་ཚད་རྒྱ་མ་དུང་ཕྱུར13657ལ་སླེབས་པ་དེ་ན་ནིང་ལས་རྒྱ་མ་དུང་ཕྱུར267ཇེ་མང་དུ་སོང་ཞིང་། འཕར་ཚད2.0%རེད། ལོ་ཧྲིལ་བོའི་འབྲུ་རིགས་ཐོན་ཚད་ཡང་བསྐྱར་ཆེས་མཐོ་བའི་ཚད་ལ་སླེབས་པས་བསྟུད་མར་ལོ7རིང་རྒྱ་མ་དུང་ཕྱུར་ཁྲི1.3ཡན་ལ་སྲུང་འཛིན་བྱས། དེའི་ཁྲོད། སྟོན་འབྲུའི་ཐོན་ཚད་རྒྱ་མ་དུང་ཕྱུར10178ལ་སླེབས་པ་དེ་ན་ནིང་ལས་རྒྱ་མ་དུང་ཕྱུར191ཇེ་མང་དུ་སོང་ཞིང་། འཕར་ཚད1.9%ཡིན་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།