ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས“2021ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ཀྱི་མགོ་ཚུགས་མཛད་སྒོར་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས“2021ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ཀྱི་མགོ་ཚུགས་མཛད་སྒོར་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་མིའི་རིགས་མཐོང་དཀོན་པའི་ཉེན་ཁ་མང་པོ་བརྒྱུད་བཞིན་ཡོད་ལ། འཛམ་གླིང་རང་བཞིན་གྱི་གནད་དོན་དང་འགྲན་སློང་ལ་གདོང་གཏོད་ཆེད། ང་ཚོས་སྒོ་འབྱེད་བཟོད་སྒོམ་དང་གྲོས་མཐུན་མཉམ་ལས་ལ་རྒྱུན་འཁྱོངས་དང་། ཕྱོགས་མང་རིང་ལུགས་ལ་རྒྱུན་འཁྱོངས་དང་སྲུང་སྐྱོང་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཧུར་ཐག་སྒོས་སྐུལ་འདེད་གཏོང་དགོས། 

པར་འདི་ནི་ཟླ12པའི་ཚེས5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས“2021ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ཀྱི་མགོ་ཚུགས་མཛད་སྒོར་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ་བཞིན་པའི་རྣམ་པ་རེད།

ང་ཚོས་དཀའ་ངལ་མཉམ་སེལ་བྱས་ཏེ་དོན་དངོས་ཀྱི་ཕྱོགས་མང་རིང་ལུགས་ལག་བསྟར་བྱེད་དགོས། ཕྱོགས་མང་རིང་ལུགས་ཀྱི་སྙིང་བོ་ནི་རྒྱལ་སྤྱིའི་སྟེང་གི་དོན་དག་ཅི་ཡོད་མཉམ་དུ་གྲོས་མོལ་བྱས་ཏེ། འཛམ་གླིང་གི་མདུན་ལམ་དང་ལས་དབང་ཡོད་ཚད་རྒྱལ་ཁབ་སོ་སོས་ཐུན་མོང་གིས་ཐག་གཅོད་བྱ་རྒྱུ་དེ་རེད། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བ་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་འཛིན་དེ་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་འཛིན་པར་རྒྱུན་འཁྱོངས་བྱས་ཏེ། ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་དགོས། 

ང་ཚོས་བབ་བསྟུན་མདུན་སྐྱོད་བྱས་ཏེ་མུ་མཐུད་དུ་གོ་ལ་ཧྲིལ་བོའི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་དགོས། འཛམ་གླིང་གི་འཕོ་འགྱུར་ལ་རྐང་ཚུགས་ནས་གྲོས་མོལ་དང་ཐུན་མོང་གི་ལྟ་བ་ཆགས་པའི་རྨང་གཞི་སྟེང་གོ་ལ་ཧྲིལ་བོའི་བཅོས་སྐྱོང་མ་ལག་བཅོས་སྒྱུར་དང་ལེགས་བཅོས་གཏོང་དགོས། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་གྱི་ལམ་ཏུ་བསྐྱོད་པར་རྒྱུན་འཁྱོངས་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་རྣམས་རྒྱལ་སྤྱིའི་ལས་དོན་ཁྲོད་འཐུས་ཚབ་རང་བཞིན་དང་གཏམ་བཤད་དབང་ཆ་མཐོར་འདེགས་སུ་བཏང་སྟེ། འཛམ་གླིང་གི་བཅོས་སྐྱོང་མ་ལག་དེ་དྲང་བདེན་དང་ལུགས་མཐུན་གྱི་ཕྱོགས་སུ་གོང་སྤེལ་དུ་གཏོང་བར་ཧུར་ཐག་སྒོས་སྐུལ་འདེད་གཏོང་དགོས།

ང་ཚོས་བྱ་སྤྱོད་གཅིག་བསྡུས་བྱས་ཏེ་གོ་ལ་ཧྲིལ་བོའི་མཉམ་ལས་གྲོས་རིམ་དངོས་འབེབ་བྱེད་དགོས། ངེད་ཀྱིས་གོ་ལ་ཧྲིལ་བོ་གོང་སྤེལ་དུ་གཏོང་དགོས་བའི་གྲོས་འགོ་བཏོན་ཏེ་གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཀྱི་ལས་དབང་འདུས་གྲུབ་ཚོགས་པ་འཛུགས་པར་ཕྱོགས་སོ་སོས་ཧུར་ཐག་སྒོས་ཞུགས་པར་རེ་བ་ཡོད། སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་དབུལ་བོ་ཉུང་འཕྲི་དང་རིམས་ནད་འགོག་པ། རིམས་འགོག་སྨན་ཁབ་རྒྱག་པ། འཕེལ་རྒྱས་ཀྱི་མ་དངུལ་གྲབས་གསོག ལྗང་མདོག་རྣམ་བསྒྱུར། མཉམ་སྦྲེལ་མཉམ་མཐུད་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཁ་ཕྱོགས་དེ་དོ་མཉམ་མཐུན་སྦྱོར་གྱི་དུས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས། 

པར་འདི་ནི་ཟླ12པའི་ཚེས5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས“2021ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ཀྱི་མགོ་ཚུགས་མཛད་སྒོར་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ་བཞིན་པའི་རྣམ་པ་རེད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ཞིག་ནི་མི་དམངས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ནས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་དོ་སྣང་བྱེད་དགོས། ཀྲུང་གོས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱ་རྒྱུའི་ཆོད་སེམས་ནམ་ཡང་མི་འགྱུར་ཞིང་། ཕྱོགས་མང་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་དང་གཞི་རྩའི་རྩ་འཛིན་ལ་སྲུང་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་དང་། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས། འདྲ་མཉམ་དྲང་བདེན་རྒྱུན་འཁྱོངས། མཉམ་ལས་འཕེལ་རྒྱས་རྒྱུན་འཁྱོངས་བཅས་བྱས་ཏེ་མིའི་རིགས་ཀྱི་དཔལ་ཡོན་མདུན་དུ་སྐྱོད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།