ཀྲུང་གོ་བོད་ཀྱི་དྲ་བ།

རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ལ་ཁ་གསབ་སྟེར་བའི་སྲིད་ཇུས་ལག་བསྟར་བྱས་པའི་ལོ་བཅུ་ཡི་རིང་རོང་འབྲོག་མང་ཚོགས1200ལྷག་ལ་ཁེ་ཕན་ཐོབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2021-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་བྱས་ནས་ལོ10འགོར་བའི་རིང་། རྒྱལ་ཁབ་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར1500ལྷག་བཏང་ནས་རོང་འབྲོག་ཁྱིམ་ཚང་ཁྲི་1200ལྷག་ཁེ་ཕན་ཐོབ་ཡོད། རྩྭ་ཐང་གི་སྐྱེ་ཁམས་རྒྱུན་མཐུད་ངང་སླར་གསོ་བྱུང་བ་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད། ལྟ་ཞིབ་ཚད་ལེན་བྱས་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། རྒྱལ་ཡོངས་ཀྱི་རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད2011ལོའི51%ནས2020ལོའི56.1%བར་འཕར་བ་དང་རྩྭ་སོས་པའི་ཐོན་ཚད་ཏུན་དུང་ཕྱུར11ཟིན་ཡོད། ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་བྱེད་པའི་ཞིང་ཆེན13གྱི་རོང་འབྲོག་པ་མི་རེར་ལོ་རེར་ཁ་གསབ་བྱ་དགའི་མ་དངུལ་སྒོར700ཐོབ་པ་དང་ཁྱིམ་ཚང་རེར་ལོ་རེར་སྤོ་སྒྱུར་རང་བཞིན་གྱི་ཡོང་འབབ་སྒོར1500ཙམ་འཕར་ཡོད།

རྩྭ་ཐང་སྐྱེ་ཁམས་བརྟན་བརླིང་ངང་སླར་གསོ་དང་འབྲོག་ཁུལ་གྱི་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་བ་དང་རོང་འབྲོག་པའི་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་སྐྱེད་ཆེད། 2011ལོ་ནས་བཟུང་རང་རྒྱལ་གྱིས་ནང་སོག་དང་ཞིན་ཅང་། བོད་ལྗོངས། མཚོ་སྔོན་སོགས་ཞིང་ཆེན13གྱི་རྫོང་དང་།ཆི(སྡེ་ཚོགས་ར་བ་དང་ཞིང་ར)བཅས657དུ་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་བྱས། མིག་སྔའི་བར་སྲིད་ཇུས་དེ་རེས་སྐོར་གཉིས་ལག་ལེན་བསྟར་ནས་ཕྱུགས་བཀག་རྒྱ་ཁྱོན་མུའུ་དུང་ཕྱུར12.1ཟིན་པ་དང་རྩྭ་ཕྱུགས་དོ་སྙོམས་རྒྱ་ཁྱོན་མུའུ་དུང་ཕྱུར26.1ཟིན་ནས། སྐྱེ་ཁམས་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་ཡག་པོ་ཐོབ་ཡོད། ངོ་སྤྲོད་ལྟར་ན། རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་ཇེ་མཐོར་གཏོང་ཆེད། ནོར་སྲིད་པུའུ་དང་། ཞིང་ལས་དང་གྲོང་གསེབ་པུའུ། རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུའུ་བཅས་ཀྱིས་མཉམ་དུ་མཛུབ་ཁྲིད་བསམ་འཆར་འགྲེམ་སྤེལ་བྱས་ནས། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་རེས་སྐོར་གསུམ་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།