ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཡུན་ནན་དུ་སྒྲོག་འགྲེལ་བྱས།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས2ཉིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཡུན་ནན་དུ་སྒྲོག་འགྲེལ་བྱས་པ་དང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མིའམ་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ལས་བགོས་འགན་གཉེར་གྱི་རྒྱུན་གཏན་ལས་དོན་གྱི་སློབ་གཙོ་གཞོན་པ(ཁང)ལི་ཧྲུའུ་ལེ་ཡིས་སྒྲོག་འགྲེལ་སྙན་ཞུ་གནང་བ་དང་། ཡུན་ནན་ཞིང་ཆེན་གྱི་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་ར་མི་ཁྲི2.3ལྷག་སྙན་ཞུའི་ཚོགས་འདུར་ཞུགས། 

སྙན་ཞུའི་ཚོགས་འདུའི་སྟེང་། ལི་ཧྲུའུ་ལེ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་གནང་པ་དང་། ཏང་གི་ལོ་བརྒྱ་ཡི་འབད་འཐབ་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི། གྲུབ་འབྲས་གལ་ཆེན་བཅས་ལ་ངོས་འཛིན་གཏིང་ཟབ་གནང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་ངོས་འཛིན་གཏིང་ཟབ་གནང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་དོན་སྙིང་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ངོས་འཛིན་གཏིང་ཟབ་གནང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཁྲོད་བླངས་པའི་བློ་གྲོས་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ནས། རྒྱུགས་ལེན་ལམ་བུ་གསར་པར་སྐྱོད་པར་བརྒྱུད་རིམ་ལྡན་པའི་སྒྲོག་འགྲེལ་དང་འགྲེལ་བཤད་བྱས་པ་རེད། ཁོང་གིས་སྒྲོག་འགྲེལ་གནང་སྐབས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་བྱེད་པར་གལ་ཆེ་ཤོས་ནི“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་ཁོང་དུ་ཆུད་པར་བྱས་ནས“གཏན་ཁེལ་གཉིས”དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱེད་པའི་ཆེས་གཞི་རྩ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་བསྟར་བ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་། ས་ཁུལ་དང་སྡེ་ཚན་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཤིང་། འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ། གསར་འབྱེད་གསར་གཏོད་བཅས་བྱས་ཏེ། བྱ་གཞག་སོ་སོ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས། 

ཟླ12པའི་ཚེས1ཉིན། ལི་ཧྲུའུ་ལེ་ཁྲུའུ་ཞུང་དབྱི་རིགས་རང་སྐྱོང་ཁུལ་ཝུའུ་ཏིང་རྫོང་ཧྲི་ཧྲན་གྲོང་བརྡལ་ཧུང་ཐུའུ་ཐེན་སྡེ་ཁུལ་དུ་སྒྲོག་འགྲེལ་བྱེད་པར་བསྐྱོད་པ་དང་། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དང་བསམ་བློ་བརྗེ་རེས་བྱས་ཏེ་ཚང་མས་སེམས་ཁུར་བྱེད་པའི་གནད་དོན་ཐད་ཡུལ་དངོས་སུ་འགྲེལ་བཤད་བྱས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།