ཞི་ཅིན་ཕིང་གིས་པེ་ཅིང་ནས2021ལོའི“ཀྲུང་གོར་ཤེས་རྟོགས”ཞེས་པའི་རྒྱལ་སྤྱིའི་ཚོགས་འདུ(ཀོང་ཀྲོའུ)མགོ་རྩོམ་པའི་མཛད་སྒོའི་སྟེང་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས2ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས2021ལོའི“ཀྲུང་གོར་ཤེས་རྟོགས”ཞེས་པའི་རྒྱལ་སྤྱིའི་ཚོགས་འདུ(ཀོང་ཀྲོའུ)མགོ་རྩོམ་པའི་མཛད་སྒོའི་སྟེང་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ། 

པར་འདི་ནི་ཟླ12པའི་ཚེས2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས2021ལོའི“ཀྲུང་གོར་ཤེས་རྟོགས”ཞེས་པའི་རྒྱལ་སྤྱིའི་ཚོགས་འདུ(ཀོང་ཀྲོའུ)མགོ་རྩོམ་པའི་མཛད་སྒོའི་སྟེང་བརྙན་ལམ་བརྒྱུད་ནས་ཤིས་ཚིག་འབུལ་བཞིན་པའི་རྣམ་པ་རེད། 

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར། འཛམ་གླིང་ཐོག་ལོ་བརྒྱ་རིང་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་དང་པྲོག་གསར་གློ་ཚད་གསར་བའི་ཤུགས་རྐྱེན་གོ་ལ་ཧྲིལ་བོར་ཁྱབ་པས་འཛམ་གླིང་འདི་ཉིད་གཡོ་འགུལ་ཆེ་བའི་འཕོ་འགྱུར་གྱི་དུས་ལ་སླེབས་ཡོད། དེར་བརྟེན། ང་ཚོས་བསམ་བློ་བརྗེ་རེས་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་འབྲེལ་འདྲིས་མཉམ་ལས་ལ་སྐུལ་འདེད་བཏང་ནས་འཛམ་གླིང་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པར་བློ་གྲོས་དང་སྟོབས་ཤུགས་དབུལ་དགོས། 

པར་འདི་ནི་ཟླ12པའི་ཚེས2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ནས2021ལོའི“ཀྲུང་གོར་ཤེས་རྟོགས”ཞེས་པའི་རྒྱལ་སྤྱིའི་ཚོགས་འདུ(ཀོང་ཀྲོའུ)མགོ་རྩོམ་པའི་མཛད་སྒོའི་སྟེང་བརྙན་ལམ་བརྒྱུད་ནས་ཤིས་ཚིག་འབུལ་བཞིན་པའི་རྣམ་པ་རེད། 

ཞི་ཅིན་ཕིང་གིས། ངེད་ཀྱིས“དེང་གི་ཀྲུང་གོ་ལ་ཤེས་རྟོགས་བྱེད་དགོས་ན་ཐོག་མར་ཀྲུང་གོ་གུང་ཁྲན་ཏང་ལ་ཤེས་རྟོགས་བྱ་དགོས”ཞེས་བཤད་ཡོད། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་ལོ་རེད། ལོ་ངོ100ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཤིང་འབད་བརྩོན་ལྷོད་མེད་བྱས་མཐར། ཀྲུང་གོ་མི་དམངས་ཀྱི་མདུན་ལམ་དང་ལས་དབང་གཞི་རྩའི་སྟེང་ནས་བསྒྱུར་བཀོད་བྱས་པ་མ་ཟད། འཛམ་གླིང་གི་ལོ་རྒྱུས་ལ་ཤུགས་རྐྱེན་ཆེན་པོ་ཐེབས། ཉེ་སྔོན། ཀྲུང་གུང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་འཚོགས་ཤིང་། 《ཀྲུང་གུང་ཀྲུང་དབྱང་གིས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་ཆེན་པོ་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་གྲོས་ཆོད》ལ་ཆོག་མཆན་ཐོབ་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་མ་འོངས་གསར་སྐྲུན། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོ་འཆིངས་ཏེ། ཀྲུང་གོ་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་སྐྱོད་ཐུབ་བ་བྱུང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་བླ་མེད་ཡིན་པ་རྒྱུན་འཁྱོངས་དང་བློ་གཅིག་སེམས་གཅིག་སྒོས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར་བྱེད་པ། མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་ཡོངས་མཉམ་དུ་ཕྱུག་པོ་འགྱུར་བར་སྐུལ་འདེད། ཀྲུང་གོ་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པའི་རེ་འདོད་སྔར་ལས་ལེགས་པར་བསྐངས་བ། ཀྲུང་གོ་གུང་ཁྲན་ཏང་གིས་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་པར་རྒྱུན་འཁྱོངས་དང་། ཕྱི་ཕྱོགས་སྒོ་འབྱེད་བྱེད་པར་རྒྱུན་འཁྱོངས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་ཚོགས་འགྲུབ་པར་སྐུལ་འདེད། ཞི་བདེ་དང་གོང་སྤེལ། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་བཅས་མིའི་རིགས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་བཏང་བ། ནམ་ཡང་འཛམ་གླིང་ཞི་བདེ་ཡི་འཛུགས་སྐྲུན་མཁན་དང་གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཀྱི་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ཁྲིམས་ཀྱི་སྲུང་སྐྱོང་མཁན་བཅས་བྱས་ཏེ་མིའི་རིགས་ཀྱི་དཔལ་ཡོན་མདུན་སྐྱོད་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ཐད་སྔར་ལས་བྱས་རྗེས་ཆེན་པོ་དང་གསར་བ་འཇོག་དགོས། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།