ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་རྒྱལ་སྤྱིའི་དཔལ་འབྱོར་རྩ་འཛུགས་གཙོ་བོའི་འགན་ཁུར་བ་དང་མཉམ་དུ“1+6” གྲལ་སྒོར་གླེང་མོལ་ཚོགས་འདུ་ཐེངས་དྲུག་པ་བསྡུ་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་བུན་པིན་གྱིས་ཚེས2ཉིན་ཁྱབ་བསྒྲགས་བྱས་དོན། ཟླ12པའི་ཚེས6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིང་ནས་འཛམ་གླིང་དངུལ་ཁང་གི་མགོ་གཙོ་མཱ་འར་ཕཱ་སི་དང་། རྒྱལ་སྤྱིའི་དངུལ་ལོ་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་པ་གུ་ཨོ་ཅི་ཡར་ཝ། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་དབྱི་ཝེ་ལ། རྒྱལ་སྤྱིའི་ངལ་རྩོལ་དང་བཟོ་བ་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ལའེ་ཏི། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཁུ་འར་མན། དངུལ་རྩ་བརྟན་བརླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ནའོ་ཐུ་བཅས་དང་མཉམ་དུ་བརྙན་ལམ་བརྒྱུད་ནས“1+6” གྲལ་སྒོར་གླེང་མོལ་ཚོགས་འདུ་ཐེངས་དྲུག་པ་བསྡུ་རྒྱུ་ཡིན་ལ། “འཛམ་གླིང་དཔལ་འབྱོར་ལ་ཤུགས་སྣོན་དང་གུ་ཡངས། རྒྱུན་མཐུད་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བྱས་ཏེ། སླར་གསོ་ནས་བསྐྱར་སྐྲུན་ལེགས་པོ་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོ་བཟུང་ནས། འཛམ་གླིང་གི་དཔལ་འབྱོར་གནས་བབ་དང་གོ་ལ་ཧྲིལ་བོའི་དཔལ་འབྱོར་བཅོས་སྐྱོང་། ཀྲུང་གོས་བཅོས་བསྒྱུར་སྒོ་འབྱེད་བྱེད་པ་དེ་སྒུལ་ཤུགས་སུ་བསྒྱུར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གྲོས་གཞི་ཐད་ལ་བགྲོ་གླེང་དང་བསམ་བློ་བརྗེ་རེས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།