ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུའི་བཞུར་རྒྱུད་ཀྱི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་སྐབས་གཉིས་པ་སྤེལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས2ཉིན། རྨ་ཆུའི་བཞུར་རྒྱུད་ཀྱི་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་སྐབས་གཉིས་པ་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དུ་སྤེལ་བ་དང་། ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་བྱ་ནི་རྨ་ཆུའི་ཞིང་ལྗོངས་དགུའི་སློབ་གསོ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་པ་ཞེས་པ་ཡིན་ལ། ཚོགས་ཐོག་ནས《རྨ་ཆུའི་བཞུར་རྒྱུད་ཀྱི་ཞིང་ལྗོངས་དགུའི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སློབ་གསོའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་འགུལ་སྐྱོད་འཆར་གཞི》ཁྱབ་བསྒྲགས་བྱས།

ངོ་སྤྲོད་ལྟར་ན། ཞིང་ལྗོངས་དགུའི་སློབ་གསོ་ཐིང་གིས་མཉམ་དུ་གྲོས་མོལ་བྱས་པ་བརྒྱུད“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”སློབ་གསོ་མཐུན་སྦྱོར་འཕེལ་རྒྱས་ཀྱི“འགུལ་སྐྱོད་ཆེན་པོ་དགུ”ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ཡིན་པར་གཏན་ཁེལ་བྱས་ཤིང་། དེ་དག་ནི་རྨང་གཞིའི་སློབ་གསོ་སྤུས་ལེགས་དང་དོ་སྙོམས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འགུལ་སྐྱོད་ཀྱིས་ཞིང་ལྗོངས་དགུའི་རྨང་གཞིའི་སློབ་གསོ་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དང་། ལས་རིགས་སློབ་གསོ་དང་ཐོན་སྐྱེད། སློབ་གསོ། མཉམ་འདྲེས་བཅས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འགུལ་སྐྱོད་ཀྱིས་ཞབས་ཞུའི་ནུས་རྩལ་གྱི་སྤྱི་ཚོགས་འཛུགས་སྐྲུན་ལ་གཞོགས་འདེགས་བྱ་རྒྱུ། མཐོ་རིམ་སློབ་གསོའི་ཚོགས་སྤྱི་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བའི་འགུལ་སྐྱོད་གསར་གཏོད་བྱས་ནས་རྨ་ཆུའི་བཞུར་རྒྱུད་ཀྱི་མཐོ་རིམ་སློབ་གསོ་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གསར་པ་སྣོན་རྒྱུ་དང་། འཇོན་མིའི་དཔུང་ཁག་གི་བརྗེ་རེས་མཉམ་ལས་དང་མཐུན་སྦྱོར་འཕེལ་རྒྱས་ཀྱི་འགུལ་སྐྱོད། ཚན་རྩལ་གསར་གཏོད་ཀྱིས་སྒུལ་ཤུགས་སྦྱིན་ནས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འགུལ་སྐྱོད་སྤེལ་ཏེ། ས་ཁོངས་ཚན་རྩལ་མཐུན་སྦྱོར་གསར་གཏོད་ཀྱི་མ་ལག་བཙུགས་པ། “དྲ་སྦྲེལ་དང་སློབ་གསོ་ཟུང་འབྲེལ”མཉམ་སྤྱོད་དང་མཐུན་སྦྱོར་འཕེལ་རྒྱས་ཀྱི་འགུལ་སྐྱོད་སྤེལ་ནས་གྲངས་འཛིན་སློབ་གསོའི་ཐོན་ཁུངས་མཉམ་སྐྲུན་མཉམ་སྤྱོད་བྱེད་པ། “རྒྱུད་གཅིག་ལམ་གཅིག”ཕན་ཚུན་སྦྲེལ་མཐུད་དང་མཐུན་སྦྱོར་འཕེལ་རྒྱས་ཀྱི་འགུལ་སྐྱོད་སྤེལ་ནས་དུས་རབས་གསར་པའི་སློབ་གསོའི་ཕྱི་ཕྱོགས་སྒོ་འབྱེད་ལས་དོན་ལ་མཉམ་དུ་སྐུལ་འདེད་གཏོང་བ། ལས་སྐྲུན་ནུས་ཤུགས་གསར་གཏོད་བྱེད་པའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་འགུལ་སྐྱོད་སྤེལ་ནས་ས་ཁོངས་ཀྱི་ལས་ཞུགས་ལས་སྐྲུན་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ། ཕྱོགས་བསྡུས་བཅོས་བསྒྱུར་ཀྱི་གློད་ནུས་ལས་བརྒལ་བའི་མཐུན་སྦྱོར་འཕེལ་རྒྱས་འགུལ་སྐྱོད་སྤེལ་ནས། རྨ་ཆུའི་བཞུར་རྒྱུད་ཀྱི་སློབ་གསོའི་ཕྱོགས་བསྡུས་བཅོས་བསྒྱུར་ས་ཁོངས་བར་གྱི་མཉམ་ལས་ལམ་ལུགས་འཛུགས་རྒྱུ་བཅས་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།