ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི“རྒྱུད་གཅིག་ལམ་གཅིག”ཚོང་དོན་དངུལ་གཏོང་གླེང་སྟེགས་སྤེལ་མགོ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2021-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2021ལོའིརྒྱུད་གཅིག་ལམ་གཅིག”ཚོང་དོན་དངུལ་གཏོང་གླེང་སྟེགས་ཟླ12པའི་ཚེས2ཉིན་པེ་ཅིན་དུ་བསྡུས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀུའུ་ཧྲིན་ཙུའུ་མགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་གཙོ་དོན་གཏམ་བཤད་སྤེལ།

ཀུའུ་ཧྲིན་ཙུའུ་ཡིས་ལོ་ངོ8ཀྱི་རིང་ལརྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པ་དེ་འདུ་ཤེས་ནས་འགུལ་སྐྱོད་དུ་བསྒྱུར་བ་དང་། ཕུགས་འདུན་ནས་མངོན་སུམ་དུ་གྱུར་ནས། ས་ཁོངས་མི་འདྲ་བ་དང་འཕེལ་རིམ་མི་འདྲ་བ། དཔལ་ཡོན་མི་འདྲ་བ་ལས་བརྒལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་འཛིན་གཅིག་མཐུན་རྒྱ་ཁྱབ་པ་བྱུང་བ་དང་སྤྲོ་སེམས་འཁོལ་བའི་ངང་དེའི་ཁྲོད་དུ་ཞུགས་ནས། དགའ་བསུ་ཆེན་པོ་ཐོབ་པའི་རྒྱལ་སྤྱིའི་སྤྱི་སྤྱོད་ཐོན་རྫས་དང་རྒྱལ་སྤྱིའི་མཉམ་ལས་སྟེགས་བུ་རུ་གྱུར་ཡོད། ཀྲུང་གོ་འཕེལ་རྒྱས་གསར་བའི་དུས་རིམ་དུ་བསྐྱོད་པ་ནས་བཟུང་། འཕེལ་རྒྱས་གསར་བའི་འདུ་ཤེས་ལག་ལེན་བྱས་ཏེ། འཕེལ་རྒྱས་གསར་བའི་གནས་སྟངས་འཛུགས་སྐྲུན་བྱས་པ་ལསརྒྱུད་གཅིག་ལམ་གཅིག”གི་མཉམ་ལས་རོགས་ཟླར་ཚོང་ར་སྔར་ལས་ཆེན་པོ་མཁོ་འདོན་བྱེད་ངེས་ཡིན་ལ། གོ་སྐབས་སྔར་ལས་མང་པོ་གསར་གཏོད་བྱེད་ངེས་ཡིན། རེ་བར་འབྲེལ་ཡོད་ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་དང་ཧུར་ཐག་གིས་དེའི་ཁྲོད་ཞུགས་ཏེ། སྲིད་གཞུང་གིས་སྣེ་ཁྲིད་དང་ཁེ་ལས་གཙོ་གཞི་ཡིན་པ། དམངས་ཁྲོད་ཀྱིས་སྐུལ་འདེད་གཏོང་བའི་ལངས་གཟུགས་ཆགས་སྟངས་གྲུབ་དགོས་པར་བསྟན།

2021ལོའིརྒྱུད་གཅིག་ལམ་གཅིག”ཚོང་དོན་དངུལ་གཏོང་གླེང་སྟེགས་ནི་ཀྲུང་གོ་ཉོ་ཚོང་སྐུལ་འདེད་མཐུན་ཚོགས་དང་ཀྲུང་གོ་རྒྱལ་སྤྱིའི་ཚོང་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། “ལག་གདང་མཉམ་འབྲེལ་སྒོས་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་སླར་གསོ་ལ་མཉམ་དུ་སྣེ་ཁྲིད་བྱེད་པ”བརྗོད་དོན་དུ་བྱས་ནས། ཀྲུང་གོར་བཅའ་སྡོད་གཞུང་ཚབ་པ་དང་། རྒྱལ་ཁབ་དང་ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས77ནས་ཡོང་བའི་ཆབ་སྲིད་དང་ཚོང་དོན་ལས་རིགས་ཀྱི་འཐུས་མི600ལྷག་གིས་དྲ་ཐོག་དང་ཡུལ་དངོས་ཀྱི་རྣམ་པས་གླེང་སྟེགས་ལ་ཞུགས་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།