ཀྲུང་གོ་བོད་ཀྱི་དྲ་བ།

སུན་ཁྲུན་ལན“འཛམ་གླིང་ཨེ་ཙི་འགོས་ནད་ཉིན་མོའི”བརྗོད་དོན་དྲིལ་སྒྲོག་བྱ་འགུལ་སྟེང་ཞུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དེ་རིང་ནི་ཐེངས34པའི་འཛམ་གླིང་ཨེ་ཙི་འགོས་ནད་ཉིན་མོ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཨེ་ཙི་ནད་འགོག་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་སུན་ཁྲུན་ལན་གྱིས“ཚེ་སྲོག་ལ་གཅེས་སྤྲས་དང་ཨེ་ཙི་གཏན་འགོག བདེ་ཐང་དྲང་སྙོམས”ཞེས་པ་བརྗོད་དོན་ཡིན་པའི་དྲིལ་སྒྲོག་བྱ་འགུལ་ནང་ཞུགས་པ་མ་ཟད་གསུང་བཤད་གནང་། ཁོ་མོས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨེ་ཙི་ནད་འགོག་བཅོས་སྐོར་གྱི་མཛུབ་སྟོན་གལ་ཆེན་གཏིང་ཟབ་སྒོས་དོན་འཁྱོལ་དང་། ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས། སྔོན་འགོག་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས། ཕྱོགས་བསྡུས་ཇུས་འདོན་རྒྱུན་འཁྱོངས། སྔོན་འགོག་དང་བཅོས་སྐྱོང་། དྲིལ་སྒྲོག་བཅས་མངོན་གསལ་དོད་པོས་དམ་འཛིན་བྱས་ཏེ། ཧུར་ཐག་སྒོས་ཨེ་ཙི་ནད་ཀྱི་མཆེད་མཚམས་བཅད་ནས་མི་དམངས་ལ་བདེ་ཐང་དང་མི་དམངས་ཀྱི་སྐྱིད་སྣང་མཐོ་རུ་གཏོང་དགོས།

སུན་ཁྲུན་ལན་གྱིས་སྤྱི་ཚོགས་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་གྱི་ཨེ་ཙི་ནད་ཀྱི་སྔོན་འགོག་ཚོད་འཛིན་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ་ནས་མུ་མཐུད་དུ་རིམས་ནད་ཁྱབ་སྤེལ་བྱེད་དམའ་བའི་ཆུ་ཚད་དུ་ཚོད་འཛིན་བྱས་ཤིང་། འགོ་ནད་ཕོག་མཁན་ལ་སྨན་བཅོས་ཁྱབ་ཚད་དང་སྨན་བཅོས་ཐུབ་ཚད90%ལས་བརྒལ་ཡོད། ཨེ་ཙི་ནད་མཆེད་པའི་ཁྱད་ཆོས་གསར་པར་གཞི་ཚུགས་ཏེ་ཆེད་ལས་མཁས་པ་སྒྲིག་འཛུགས་བྱས་ནས་མི་ཚོགས་མི་འདྲ་བར་བདེ་ཐང་སློབ་གསོའི་ཁྲིད་སྟོན་བྱས་ཏེ། སློབ་ཆེན་སློབ་མར་ཨེ་ཙི་ནད་འགོ་བའི་ཉེན་ཁ་དང་ཀུན་སྤྱོད་དང་ཁྲིམས་སྐྱོང་སློབ་གསོར་ཤུགས་སྣོན་བརྒྱབ་ནས། རྒན་རྒོན་ཚོར་ཐུགས་ཁུར་དང་སེམས་ཁམས་སྙོམས་སྒྲིག་ལ་ཤུགས་སྣོན་རྒྱག་དགོས། ཞིབ་དཔྱད་ཚད་ལེན་ཞབས་ཞུའི་དྲ་རྒྱ་འཐུས་སྒོ་ཇེ་ཚང་དུ་བཏང་ནས་སྨན་བཙོང་ས་དང་མཐོ་སློབ། རོལ་རྩེད་ཁང་། སྡེ་ཁུལ་སོགས་སུ་རང་གིས་རང་ལ་ཞིབ་དཔྱད་ཚད་ལེན་བྱེད་པའི་ཚོད་ལྟ་སྨན་རྫས་ཁྱབ་གདལ་དུ་གཏོང་རྒྱུ་དང་། གཙོ་གནད་མི་ཚོགས་ལ་རང་འགུལ་ངང་ཞིབ་དཔྱད་ཚད་ལེན་བྱེད་པར་ཁྲིད་སྟོན་བྱ་རྒྱུ། ཁྲིམས་ལྟར་གསང་བའི་སྲུང་སྐྱོང་ཡག་པོ་བྱ་རྒྱུ། ཨེ་ཙེའི་ནད་ཀྱི་ཞིབ་དཔྱད་ཚད་ལེན་དེ་རྒན་རྒོན་གྱི་གཟུགས་པོར་བརྟག་དཔྱད་བྱེད་པའི་རྣམ་གྲངས་ནང་འཇུག་པ་བཅས་བྱས་ནས་སྔ་མོ་ནས་ཐེ་གཏོགས་བྱེད་དགོས་པའི་བླང་བྱ་བཏོན། ནད་དུག་འགོས་ཡོད་མཁན་ལ་གང་མགྱོགས་ངང་སྨན་བཅོས་བྱ་རྒྱུར་སྐུལ་སློང་བྱ་རྒྱུ་དང་། ཀྲུང་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་གཏོང་རྒྱུ། ཡུལ་གཞན་གྱི་སྨན་བཅོས་འགན་ལེན་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ་བཅས་བྱས་ནས་དུས་འཁོར་ཧྲིལ་པོའི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱེད་དགོས། དྲིལ་བསྒྲགས་ཀྱི་དམིགས་འབེན་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་བཏང་སྟེ“སྡེ་ཁུལ་དང་ཁེ་ལས། སྨན་ཁང་། སློབ་གྲྭ ཁྱིམ་ཚང་བཅས་སུ་སྐྱོད་པའི”བྱེད་སྒོ་སྤེལ་ནས་མི་ཚང་མས་ཨེ་ཙི་འགོས་ནད་སྔོན་འགོག་དང་ཨེ་ཙི་ནད་ལ་རྒྱུས་ལོན། ཨེ་ཙི་ནད་འགོས་པའི་ནད་པ་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།