ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་སྒྲུབ་ཁང་གིས་རང་རྒྱལ་དང་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་རྒྱལ་ཁབ་སུས་ཀྱང་ཐའེ་ཝན་ས་ཁུལ་དུ་རྒྱུ་མཚན་ཅི་ཡིན་ཡང་གཞུང་ཕྱོགས་ཀྱི་འགྲོ་འོང་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཞེས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པའོ་ལའོ་ཏི་རྒྱ་མཚོའི་རྒྱལ་ཁབ་གསུམ་གྱི་གྲོས་ཁང་གི་འཐུས་མིའི་ཚོགས་པས་ཐའེ་ཝན་དུ་ཁ་རོག་ཏུ་འཚམས་འདྲི་བྱེད་པར་དམིགས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་ལས་ཁང་གི་མགྲིན་ཚབ་པ་མ་ཞའོ་ཀོང་གིས་ཚེས1ཉིན་བཅར་འདྲི་སྐབས་བསྟན་དོན། ཕྱི་འབྲེལ་པུའུ་མགྲིན་ཚབ་པས་ལངས་ཕྱོགས་ནན་པོ་གསལ་བསྒྲགས་བྱས་ཡོད། ང་ཚོས་རང་རྒྱལ་དང་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་རྒྱལ་ཁབ་སུས་ཀྱང་ཐའེ་ཝན་ས་ཁུལ་དུ་རྒྱུ་མཚན་ཅི་ཡིན་ཡང་གཞུང་ཕྱོགས་ཀྱི་འགྲོ་འོང་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་དང་། གཟབ་ནན་སྒོས་ཐའེ་ཝན་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པའི་སྐུལ་མ་གནང་བ་ཡིན། དམངས་གཙོ་འཕེལ་རྒྱས་ཏང་གི་དབང་འཛིན་མཁན་གྱིས་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས“རང་བཙན”བྱེད་འདོད་པའི་སྟོང་བསམ་བཅངས་ཡོད་ལ། ཁོ་ཚོས་བྱེད་ཐབས་སྣ་ཚོགས་ཅི་ཞིག་ལ་བརྟེན་ཡང་ཧམ་སེམས་དེ་འགྲུབ་མི་ཐུབ་ཁོ་ཐག་ཡིན།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།