ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་འགོ་འཛིན་བྱས་ཏེ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་རེ་གསུམ་པ་ཚེས་སུམ་ཅུ་ཉིན་པེ་ཅིང་དུ་བསྡུས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།   རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་རེ་གསུམ་པ་ཚེས་སུམ་ཅུ་ཉིན་པེ་ཅིང་དུ་བསྡུས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།   རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་སྟེང་རྒྱལ་ཡོངས་སྲིད་གྲོས་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་།    མི་གྲངས་ཐོན་ཁུངས་དང་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་།    སློབ་གསོ་ཚན་རིག་འཕྲོད་བསྟེན་ལུས་རྩལ་བྱ་བའི་ཨུ་ཡོན་ལྷན་ཁང་།   སྤྱི་ཚོགས་དང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཉིས་སྟོང་ཉེར་གཅིག་ལོའི་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན།    ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་བྱ་བར་འབྲེལ་གཏུག་བྱེད་པའི་ཀྲུའུ་ཞི་གཞོན་པས་སོ་སོར་བྱ་བར་གདེང་འཇོག་བྱས།

ཝང་དབྱང་གིས་བསྟན་དོན།   ཀྲུའུ་ཞི་གྲོས་ཚོགས་ཀྱིས་ལོ་རེར་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་བཞིན་ཡོད་པ་དང་།  དེ་ནི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བར་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་།  ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞི་རང་བཞིན་གྱི་བྱེད་ནུས་སྔར་ལས་འདོན་སྤེལ་གང་ལེགས་བྱེད་པའི་ལམ་ལུགས་བཀོད་སྒྲིག་གལ་ཆེན་ཞིག་ཡིན།   ད་ལོར།   ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་ཀྲུང་གུང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་ནན་མོ་བྱས་པ་དང་།  རྒྱལ་ཡོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཀྲུའུ་ཞིའི་གྲོས་ཚོགས་ཀྱི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་བྱས་ལ།    ཏང་དང་རྒྱལ་ཁབ་ཀྱི་བྱ་བ་གཙོ་བོར་དམིགས་ནས་རང་རང་གི་དགེ་མཚན་འདོན་སྤེལ་དང་རང་འགན་ནན་སྒྲུབ་བྱས་པ་དང་།    ཆེད་མཁས་པའི་གྲོས་མོལ་ཚོགས་འདུ་དང་ཆེད་དོན་དམངས་གཙོ་ལྟ་སྐུལ་སོགས་ཀྱི་བྱ་བ་སྤེལ་ཏེ་གྲུབ་འབྲས་བཟང་བོ་བླངས་ཡོད།    ད་ལོའི་བྱ་བར་ཁྱོན་ཡོངས་ནས་ལེགས་སྒྲིག་བྱས་ཏེ་གསར་སྐྲུན་རང་བཞིན་གྱི་བྱ་བ་སྤེལ་བའི་ཉམས་མྱོང་དང་གྲུབ་འབྲས་སྤྱི་སྡོམ་བྱེད་དགོས་ལ། མི་འདང་ས་དང་ལེགས་བཅོས་གསལ་བོ་བྱེད་དགོས་པའི་ཁ་ཕྱོགས་ཡང་དག་པར་བཙལ་ཏེ་བྱ་བའི་ལམ་ལུགས་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་དགོས་པ་དང་།   སྲིད་གྲོས་བྱ་བའི་ཕན་ནུས་ཇེ་ཆེར་འགྲོ་བར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་སྟེང་རྒྱལ་ཡོངས་སྲིད་གྲོས་དཔལ་འབྱོར་དང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་དང་།  མི་རིགས་དང་ཆོས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་།   ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་།   རིག་གནས་ལོ་རྒྱུས་དང་སློབ་སྦྱོང་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཉིས་སྟོང་ཉེར་གཅིག་ལོའི་དམངས་གཙོ་ལྟ་སྐུལ་བྱ་བ་སྤེལ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་།  ལོ་ལོན་ཅན་དུ་འགྱུར་བར་འཚམ་པའི་སྤྱི་ཚོགས་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་དམངས་གཙོ་ལྟ་རྟོག་སྙན་ཞུ་དང་དབུས་རྒྱུད་ས་ཁུལ་གྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་བྱེད་ཐབས་གལ་ཆེན་དོན་འཁྱོལ་བྱས་པའི་སྐོར་གྱི་དམངས་གཙོ་ལྟ་རྟོག་སྙན་ཞུ་སོགས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་།   སྙན་ཞུ་སྔར་ལས་ལེགས་བཅོས་དང་འཐུས་ཚང་དུ་བཏང་རྗེས་འབྲེལ་ཡོད་ཕྱོགས་ལ་སྤྲོད་རྒྱུའི་ཐག་བཅད།

ཀྲུའུ་ཞིའི་གྲོས་ཚོགས་སྟེ་ད་རུང་ཉིས་སྟོང་ཉེར་གཅིག་ལོའི་ཐུན་མོང་སློབ་སྦྱོང་ཐེངས་བཞི་པ་སྤེལ་བ་དང་།  རང་བྱུང་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་གཞོན་པ།  རྒྱལ་ཁབ་རྒྱ་མཚོའི་ལས་དོན་ཅུའུ་ཡི་ཅུའུ་ཀྲང་ཝང་ཧོང་གིས་གདན་ཞུས་ལྟར་དེང་རབས་རྒྱ་མཚོའི་ཐོན་ལས་མ་ལག་བསྐྲུན་པ་དང་རྒྱ་མཚོའི་དཔལ་འབྱོར་བཅོས་སྐྱོང་བྱེད་ནུས་མཐོར་འདེགས་གཏོང་བ་ཞེས་པའི་ཟུར་ཁྲིད་སྙན་ཞུ་ཕུལ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།