ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བསྟུད་མུར་ཉིན་འགའི་རིང་ལ།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཀྲུང་དབྱང་ཕྱི་དོན་བྱ་བའི་གཞུང་སྒྲུབ་ཁང་དང་། ཅང་སུའུ། ཧི་པེ་སོགས་ས་ཁུལ་དུ་སྒྲོག་འགྲེལ་བྱས་པ་དང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ད་དུང་གཞི་རིམ་གྱི་ལས་ཡུལ་དང་པོ་རུ་སོང་ནས་མཐོ་རིམ་སློབ་གྲྭའི་དགེ་སློབ་དང་། གཞི་རིམ་མང་ཚོགས་དང་མཉམ་དུ་བསམ་ཚུལ་བརྗེ་རེས་བྱས།

ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དབྱང་ཅེ་ཁྲི་ཡིས་ཀྲུང་དབྱང་ཕྱི་དོན་བྱ་བའི་གཞུང་སྒྲུབ་ཁང་ནས་སྒྲོག་འགྲེལ་སྙན་ཞུ་ཕུལ། དབྱང་ཅེ་ཁྲི་ཡིས་འཛམ་གླིང་དུ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་གནས་བབ་དང་ཟུང་འབྲེལ་གྱིས། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་རྩ་ཆེན་གསལ་འགྲེལ་དང་། ཕྱི་འབྲེལ་དང་ཕྱི་དོན་འཐབ་ཕྱོགས་ཀྱིས་གཏན་ཁེལ་གཉིས་དམ་འཛིན་བྱེད་པའི་ཐག་ཆོད་རང་བཞིན་གྱི་དོན་སྙིང་གསལ་བོར་བསྟན་ལ། སྲུང་སྐྱོབ་གཉིས་ཀྱི་ཚད་མཐོའི་རང་རྟོགས་ཟོལ་མེད་ཀྱིས་ཇེ་དྲག་ཏུ་གཏོང་དགོས་པ་ནན་གྱིས་བསྟན།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལོའུ་ཆིན་ཅན་གྱིས་ཅང་སུའུ་ནན་ཅིན་དུ་སྒྲོག་འགྲེལ་སྙན་ཞུ་ཕུལ། ལིག་ཆིན་ཅན་གྱིས་ལོ་རྒྱུས་་མེ་ལོང་དུ་འཛིན་པ་དང་མ་འོངས་གསར་གཏོད་ཀྱི་བླང་བྱ་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་བརྒྱུད་རིམ་ཁྲོད་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པའི་ཕྱོགས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཀློག་འགྲེལ་གསལ་བོ་བྱས།

ལིག་ཆིན་ཅན་ད་དུང་ནན་ཅིན་མཁའ་འགྲུལ་སློབ་ཆེན་དང་། འབྲི་ཆུ་བརྒལ་བའི་འཐབ་འཁྲུག་གི་རྒྱལ་པའི་རྗེས་དྲན་ཁང་དུ་སོང་ནས། ན་གཞོན་དགེ་སློབ་ཀྱི་འཐུས་མི་དང་གཞི་རིམ་ལས་བྱེད་མང་ཚོགས་དང་མཉམ་དུ་བསམ་ཚུལ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིབ་འཇུག་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་ཧང་ཧྲུག་ཧོང་གིས་ཧི་པེ་ཧྲི་ཅ་ཀྲོང་དུ་སྒྲོག་འགྲེལ་སྙན་ཞུ་ཕུལ། ཧང་ཧྲུག་ཧོང་གིས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་གི་དོན་སྙིང་གལ་ཆེན་ངོས་འཛིན་གཏིང་ཟབ་བྱེད་པར་དམིགས་པ་དང་། གཏན་ཁེལ་གཉིས་ཀྱིས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ལས་དོན་འཕེལ་རྒྱས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ཕྱོགས་ནས། ཁྱོན་ཡོངས་ནས་གསལ་འགྲེལ་དང་འགྲེལ་བཤད་གཏིང་ཟབ་བྱས།

ཧོན་ཧྲུག་ཧོང་ད་དུང་ཧི་པེ་ཀྲིན་ཏེན་རྫོང་ཐ་ཡོན་ཀྲོང་སྡེ་བར་སོང་ནས། གཞི་རིམ་ཏང་ཡོན་ལས་བྱེད་མང་ཚོགས་དང་མཉམ་དུ་བསམ་ཚུལ་བརྗེ་རེས་བྱས་པ་དང་། ཚང་མས་སེམས་ཁུར་བྱེད་པའི་གནད་དོན་ལ་ལན་བཏབ་པ་མ་ཟད། ཧི་པེ་ཡི་གནས་ཚུལ་དངོས་དང་བསྟུན་ནས་ཁ་གཏད་རང་བཞིན་གྱི་སྒྲོག་འགྲེལ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།