ཀྲུང་གོ་བོད་ཀྱི་དྲ་བ།

《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད་གསལ་བཤད》བཀོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་ཀྱི་འདོན་ཐེངས23པའི་སྟེང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུང་ཞི་ཞི་ཅིན་ཕིང་གི《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད་གསལ་བཤད》བཀོད།

ཞི་ཅིན་ཕིང་གིས་བསྟན་དོན།  རང་རེའི་ཏང་གིས་སྔ་མོ་ནས་བཟུང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད།  ཏང་ཀྲུང་དབྱང་གིས་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་དང་།  ཏང་དང་མི་དམངས་ཀྱིས་ལོ་ངོ་བརྒྱ་ཡི་འབད་འཐབ་དམིགས་འབེན་རྒྱལ་ཁའི་ངང་མངོན་འགྱུར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར།  ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་གནད་འགག་གི་དུས་སུ། ཏང་གི་ལོ་བརྒྱ་ཡི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་བསྡོམས་བྱས་ཏེ་ཏང་ཡོངས་ཀྱི་བསམ་བློ་སྔར་བས་གཅིག་གྱུར་དང་འདོད་བློ་གཅིག་གྱུར།  བྱ་སྤྱོད་གཅིག་གྱུར་གྱིས་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་གསར་པ་ལེན་པར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་དོན་སྙིང་ལྡན་ཞེས་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན།  ཏང་ཀྲུང་དབྱང་གིས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ནི་བརྗིད་ཉམས་ལྡན་པ་དང་དུས་ཚོད་ཀྱི་བར་བརྒལ་རིང་པ།  འབྲེལ་ཡོད་ཁྱབ་ཁོངས་ཆེ་བ། ཞིབ་འཇུག་བྱེད་དགོས་པའི་གནད་དོན་མང་བ་རེད། སྤྱིའི་ཆ་ནས་བཤད་ན་ལོ་རྒྱུས་ཕྱོགས་སྡོམ་དང་ཆོས་ཉིད་སྟངས་འཛིན། ཡིད་ཆེས་བརྟན་པོ།  མ་འོངས་པའི་ཕྱོགས་སུ་བསྐྱོད་པ་བཅས་ཀྱི་བླང་བྱ་ལྟར།  ཏང་བརྒྱུད་མྱོང་བའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུ་ཕྱོགས་བསྡོམས་ཡག་པོ་དང་།  ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་ཕྱོགས་བསྡོམས། ཏང་གིས་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་ལ་སྐུལ་འདེད་གཏོང་བའི་ཉམས་མྱོང་རྩ་ཆེན་ཕྱོགས་བསྡོམས་ཡག་པོ་བཅས་བྱས་ཏེ།  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་ལ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འབད་འབུངས་ཡར་བརྩོན་བྱེད་པའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཕྱོགས་བསྡོམས་ཡག་པོ་བྱ་དགོས་པར་བསྟན། 

ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གིས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱེད་པར་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་བརྟག་ཐབས་སྨྲ་བ་མཐའ་འཁྱོངས་དང་།  ཏང་གི་ལོ་རྒྱུས་ཀྱི་ལྟ་བ་ཡང་དག་མཐའ་འཁྱོངས་བྱེད་པ་དང་ལོ་རྒྱུས་ཀྱི་ལྟ་བ་ཆེན་པོ་འཛུགས་པ། ལོ་རྒྱུས་ཀྱི་དོན་སྟོང་རིང་ལུགས་ལ་ངོ་རྒོལ་བཅས་བྱེད་དགོས་པར་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན།  ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་ཆོད་འཆར་ཟིན་འགོད་སྐབས།  ཏང་ཀྲུང་དབྱང་གིས་གཤམ་གསལ་གྱི་གནད་དོན་འགའ་ཞིག་གཙོ་གནད་སྒོས་སྟངས་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་གསལ་བོ་བཏོན་ཡོད་སྟེ། དང་པོ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱེད་པར་དམིགས་ཏེ་ཏང་ཡོངས་ཀྱི་བློ་གྲོས་འཕར་བར་སྐུལ་འདེད་གཏོང་བ་དང་མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་བ།  ཡིད་ཆེས་ཆེ་རུ་གཏོང་བ།  བློ་སྟོབས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ།  གཉིས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་གཙོ་གནད་དེ་མངོན་གསལ་དོད་པོ་ཡོང་བར་ཏང་ཡོངས་ལ་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་དགོས་པ་དང་།  ང་ཚོས་སྒྲུབ་བཞིན་པའི་བྱ་བར་དམིགས་ཏེ་སྔར་ལས་དཔའ་ངར་ཆེར་སྐྱེད་ཀྱི་རྣམ་པས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་དགོས་པ་ཁྲིད་སྟོན་བྱེད་དགོས།   གསུམ་པ། དོན་རྐྱེན་གལ་ཆེན་དང་གྲོས་ཚོགས་གལ་ཆེན།  མི་སྣ་གལ་ཆེན་བཅས་ལ་གདེང་འཇོག་བྱེད་སྐབས་ཏང་ཀྲུང་དབྱང་གི་ད་ཡོད་བསྡོམས་ཚིག་དང་འབྲེལ་མཐུད་བྱེད་པར་མཐོང་ཆེན་བྱས་ཏེ།  ཏང་ཀྲུང་དབྱང་གིས་ཏང་གི་ལོ་བརྒྱའི་འབད་འཐབ་ཐད་ཀྱི་ངོས་འཛིན་གསར་པ་མཚོན་པ། ཞི་ཅིན་ཕིང་གིས་ད་དུང་གྲོས་ཆོད་མ་ཟིན་འགོད་པའི་བརྒྱུད་རིམ་དང་གཞི་རྩའི་སྒྲོམ་གཞི། ནང་དོན་གཙོ་བོ་བཅས་ལ་གསལ་བཤད་གནང་བ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།