ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཁེ་ཆང་གིས་ཨེ་ཙི་འགོས་ནད་འགོག་བཅོས་བྱེད་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས་པར་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2021-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ད་ལོའི་ཟླ12པའི་ཚེས1ཉིན་ནི་ཐེངས་སུམ་བཅུ་སོ་བཞི་པའི་འཛམ་གླིང་ཨེ་ཙི་འགོས་ནད་ཀྱི་ཉིན་མོ་ཡིན་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཉེ་སྔོན་ཨེ་ཙི་འགོས་ནད་འགོག་བཅོས་ལས་དོན་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ནང་བསྟན་དོན།  ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོ། སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག་རང་རྒྱལ་གྱི་ཨེ་ཙི་འགོས་ནད་འགོག་བཅོས་ལས་དོན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ། ཚེ་སྲོག་གོང་བཀུར་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་ཨེ་ཙི་འགོས་ནད་འགོག་བཅོས་ལས་དོན་གྱི་བརྒྱུད་རིམ་ལྡན་པའི་ཇུས་འགོད་ལ་སྔར་ལས་ཤུགས་སྣོན་རྒྱག་དགོས།   སྔོན་འགོག་གཙོར་འཛིན་པ་དང་སྨན་བཅོས་སྔོན་འགོག་མཉམ་ལས་མཐའ་འཁྱོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་བཅོས་སྒྱུར་དང་ཟུང་འབྲེལ་བྱས་ནས་འགོག་བཅོས་མ་ལག་འཐུས་ཚང་དུ་གཏོང་བ་དང་།  འགོག་བཅོས་དཔུང་ཁག་སྟོབས་ཆེན་དུ་གཏོང་བ།  སྤྱི་ཚོགས་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ།  སྔོན་འགོག་ཐེ་གཏོགས་དང་ལྟ་ཞིབ་ཚད་ལེན།  སྔོན་བརྡ། ཚན་ཞིབ་འགག་སྒྲོལ་དང་རྒྱལ་སྤྱིའི་མཉམ་ལས་བཅས་ལ་ཤུགས་བསྣན་ནས།  རིམས་ནད་ཕོག་མཁན་གྱི་སྨན་བཅོས་དང་དཀའ་ངལ་ཡོད་པར་རོགས་སྐྱོབ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐུགས་ཁུར་བཅས་ལ་ཤུགས་བསྣན་ནས་ཨེ་ཙི་འགོས་ནད་འགོག་བཅོས་ཀྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།