ཀྲུང་གོ་བོད་ཀྱི་དྲ་བ།

ནང་སོག་ནས་ཉིང་སྐྱུར་གདགས་གཤིས་ཡིན་པའི་ནད་དཔེ60ཐོན་པ་དང་། ནང་སོག་གི་ཡུལ་སྐོར་བྱ་འགུལ་ཚང་མ་མཚམས་བཞག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ནང་སོག་མན་ཇུ་ལི་ཡི་རེས་སྐོར་དང་པོའི་ཉིང་སྐྱུར་བརྟག་དཔྱད་ཁྲོད་གདགས་གཤིས་ཡིན་པའི་ནད་དཔེ60ཐོན། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ནང་སོག་མན་ཇུ་ལི་གྲོང་ཁྱེར་རིམས་ནད་འགོག་སྡོམ་ལས་དོན་བཀོད་འདོམས་པུའུ་ཡིས་ཟླ11པའི་ཚེས29ཉིན་གྱི་ཆུ་ཚོད16ཐོག་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ནང་སོག་མན་ཇུ་ལི་གྲོང་ཁྱེར་གྱིས་ཟླ11པའི་ཚེས28ཉིན་གྱི་སྔ་དྲོའི་ཆུ་ཚོད8པར་ཁྱོན་ཡོངས་ནས་རེས་སྐོར་དང་པོའི་ཉིང་སྐྱུར་བརྟག་དཔྱད་ལས་དོན་སྤེལ། ཟླ11པའི་ཚེས29ཉིན་གྱི་ཆུ་ཚོད8པར་རེས་སྐོར་དང་པོའི་བརྟག་དཔྱད་ལས་དོན་ལེགས་པར་གྲུབ་ལ། ཁྱོན་མི175554ཡི་མ་དཔེ་འཚོལ་བསྡུ་བྱས་པ་དང་། བརྟག་བཤེར་ཁྲོད་གདགས་གཤིས་ཡིན་པའི་མ་དཔེ60ཐོན།

མན་ཇུ་ལི་གྲོང་ཁྱེར་གྱིས་ཚེས29ཉིན་གྱི་སྔ་དྲོའི་ཆུ་ཚོད8པར་གཞི་ཁྱོན་ཆེ་བའི་ཉིང་སྐྱུར་བརྟག་དཔྱད་ལས་དོན་ཐེངས་གཉིས་པ་སྤེལ་བ་རེད། མི་སྣ་འགྲོ་སྐྱོད་དང་གཅིག་བསྡུ་བྱེད་ཚད་ཉུང་དུ་བཏང་ནས་རིམས་ནད་མཆེད་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཆེད། ཐེངས་འདིར་མི་སྣ་ཡོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་གྲོང་མིའི་གཞིས་ཁུལ་དུ་མ་དཔེ་འཚོལ་བསྡུ་བྱས་པ་རེད། མིག་སྔར་མ་དཔེ་འཚོལ་བསྡུའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།     

ཚེས29ཉིན་ནས་བཟུང་། ཡུལ་སྐོར་བྱེད་མཚམས་འཇོག་རྒྱུ།

ནང་སོག་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་ཟླ11པའི་ཚེས29ཉིན་ཞིང་ཆེན་བརྒལ་བའི་ཡུལ་སྐོར་ཚོགས་པའི་བྱ་འགུལ་གནས་སྐབས་སུ་མཚམས་འཇོག་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་ཞིང་། ཚེས29ཉིན་ནས་བཟུང་། ནང་སོག་རང་སྐྱོང་ལྗོངས་སུ་འགྲོ་འོང་བྱེད་མཁན་གྱི་ཡུལ་སྐོར་ཚོགས་པ་དང་དེ་བཞིན“གནམ་གྲུའི་སྤ་སེ+མགྲོན་ཁང”གི་ལས་སྒོ་ཚང་མ་དུས་འཕྲལ་དུ་མཚམས་འཇོག་རྒྱུ་རེད། ཁོངས་གཏོགས་ཁུལ་གྱི་ཡུལ་སྐོར་ལས་དོན་ཁང་དང་ཡུལ་སྐོར་ཁེ་ལས་ལ་ཞིང་ཆེན་བརྒལ་བའི་ཡུལ་སྐོར་ཚོགས་པ་དང“གནམ་གྲུའི་སྤ་སེ+མགྲོན་ཁང”ཟུང་དུ་འབྲེལ་བའི་ལས་སྒོ་གནས་སྐབས་སུ་མཚམས་འཇོག་རྒྱུའི་བརྡ་ཐོ་བཏང་སྟེ། ཚོགས་པ་སྒྲིག་འཛུགས་བྱས་ནས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གཞན་དག་ཏུ་ཡུལ་སྐོར་ལ་མི་བསྐྱོད་པ་དང་། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གཞན་དག་གི་ཡུལ་སྐོར་ཚོགས་པ་སྣེ་ལེན་མི་བྱེད་པ། ཉེན་ཁ་ཆེ་བའི་ས་ཁུལ་གྱི་ཡུལ་སྐོར་བ་ཕྱི་རོལ་ཏུ་ཡུལ་སྐོར་དུ་བསྐྱོད་རྒྱུ་སྒྲིག་འཛུགས་མི་བྱེད་པ་བཅས་ཀྱི་བརྡ་སྦྱོར་བཏང་།


རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།