2021ལོའི་རྒྱལ་ཡོངས་ཀྱི“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”བྱ་འགུལ་སྤེལ་མགོ་བརྩམས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས29ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཁྲིམས་འཛིན་པུའུ། རྒྱལ་ཡོངས་ཁྲིམས་ཁྱབ་གཞུང་ལས་ཁང་བཅས་ཀྱིས་མཉམ་དུ་སྤེལ་བའི“ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་སློབ་སྦྱོང་སྙན་ཞུ་ཚོགས་འདུ”དང2021ལོའི་རྒྱལ་ཡོངས་ཀྱི“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”བྱ་འགུལ་སྤེལ་མགོ་བརྩམས་པའི་མཛད་སྒོ་པེ་ཅིང་དུ་བསྡུས།

དེ་ནི་རང་རྒྱལ་གྱིས“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”བྱ་འགུལ་སྤེལ་ཐེངས་བཞི་བ་ཡིན་ལ། བརྗོད་བྱ་ནི“ཞི་ཅིན་ཞིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་སྟེང་བསྐྱོད་པ”ཞེས་པ་དེ་ཡིན།

རྒྱུས་ལོན་པ་ལྟར་ན། ད་ལོའི“རྩ་ཁྲིམས་དྲིལ་སྒྲོག་གཟའ་འཁོར”བྱ་འགུལ་གྱིས“ཚོགས་ར་ག་ཙོ་བོའི་བྱ་འགུལ+ཆེད་སྒྲིག་བྱ་འགུལ+བརྗོད་དོན་ཉིན་མོའི”བྱེད་ཐབས་སྤྱད་དེ། ཚོགས་ར་གཙོ་བོའི་བྱ་འགུལ་ལ་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་སློབ་སྦྱོང་སྙན་ཞུ་ཚོགས་འདུ་དང་རྒྱལ་ཁབ་རྩ་ཁྲིམས་ཉིན་མོའི་བཞུགས་མོལ་ཚོགས་འདུ་སོགས་འདུས། བརྗོད་དོན་ཉིན་མོའི་བྱ་འགུལ་ལ་བསྡོམས་པས་སྤེལ་ཐེངས7ཡོད་ཅིང་། སོ་སོར་རྩ་ཁྲིམས་ཞིང་སྡེ་རུ་བསྐྱོད་པ་དང་རྩ་ཁྲིམས་སྡེ་ཁུལ་དུ་བསྐྱོད་པ། རྩ་ཁྲིམས་སློབ་གྲྭ་རུ་བསྐྱོད་པ། རྩ་ཁྲིམས་ལས་ཁུངས་སུ་བསྐྱོད་པ། རྩ་ཁྲིམས་ཁེ་ལས་སུ་བསྐྱོད་པ། རྩ་ཁྲིམས་དམག་སྒར་རུ་བསྐྱོད་པ། རྩ་ཁྲིམས་དྲ་རྒྱ་སྟེང་བསྐྱོད་པ་བཅས་ཡིན། དེ་དང་ཆབས་ཅིག ཏང་གི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ནས། ཞི་པའེ་ཕོ་དྲན་གསོ་ཁང་དང་ཧྲན་ཞི་ཀན་སུའུ་ཉིང་ཞ་བཅས་མཐའ་ཁུལ་གྱི་མཐོ་རིམ་ཁྲིམས་ཁང་གི་གནས་རྙིང་སོགས་རྒྱལ་ཡོངས་ཀྱི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་རྟེན་གཞི་ལ་བརྟེན་ནས། ཧོ་པེ་དང་ཧྲན་ཞི། ཀྲེ་ཅང་། ཅང་ཞི་སོགས་ས་ཁུལ་གྱིས་གསར་བརྗེའི་རྒྱུད་རྒྱུ་རྒྱུན་འཛིན་བྱེད་པའི་ཆེད་བསྒྲིགས་དྲིལ་སྒྲོག་བྱ་འགུལ་སྤེལ།

དེ་མིན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཁྱད་ཆོས་མངོན་གསལ་ཡིན་ཞིང་མང་ཚོགས་ཞུགས་ཚད་མང་བའི་མང་ཚོགས་རང་བཞིན་གྱི་ཁྲིམས་སྐྱོང་བྱ་འགུལ་ཇུས་འགོད་དང་རྩ་འཛུགས་བྱས།

པེ་ཅིང་གྲོང་ཁྱེར་གྱིས“དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་བསུ་བ་ཞུས་ཏེ་ཁྲིམས་སྐྱོང་དང་མཉམ་དུ་བསྐྱོད་པ”ཞེས་པའི་བརྗོད་དོན་དྲིལ་སྒྲོག་བྱ་འགུལ་སྤེལ་ནས། ལས་རྩལ་པ་གཟུགས་བརྙན་ཕོ་ཉ་རུ་གདན་དྲངས་ནས་མཉམ་འབྲེལ་སྒོས་ཁྲིམས་ཁྱབ་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། ཧྲང་ཧེ་གྲོང་ཁྱེར་གྱིས་ས་འོག་ལྕགས་ལམ“རྩ་ཁྲིམས་བརྗོད་དོན་གྱི་ཆེད་སྤྱོད་མེ་འཁོར”ལ་བརྟེན་ནས་ས་འོག་ལྕགས་ལམ་དྲ་རྒྱ་བརྒྱུད་དེ་རྩ་ཁྲིམས་ཤེས་བྱ་བློ་ལ་ངེས་བ་དང་སེམས་ལ་གཤགས་པར་སྐུལ་འདེད་བཏང་། ཅང་སུའུ་ཞིང་ཆེན་གྱིས་རྩ་ཁྲིམས་སྤྱི་གླིང་དང་རྩ་ཁྲིམས་ཐང་ཆེན། རྩ་ཁྲིམས་ཁྱམས་རིང་སོགས་རྩ་ཁྲིམས་དྲིལ་སྒྲོག་ཆེད་ཁུལ་བརྒྱ་ལྷག་ལ་བརྟེན་ནས། རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པ་དང་གཞོན་ནུ་ལོ་ཆུང་གི་དར་མའི་ལེགས་སྐྱེས་སོགས་རོལ་མྱོང་བྱ་འགུལ་སྤེལ་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།