ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཀྲུང་དབྱང་དམག་ཨུའི་འཇོན་མིའི་ལས་དོན་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུའི་འཇོན་མིའི་ལས་དོན་ཚོགས་འདུའི་ཐོག་དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་ཆེད་དུས་རབས་གསར་པའི་འཇོན་མིའི་དམག་དཔུང་སྟོབས་ཆེན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་དགོས་ཞེས་ནན་གྱིས་བསྟན། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས26ཉིན་ནས28ཉིན་བར། ཀྲུང་དབྱང་དམག་ཨུའི་འཇོན་མིའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། དམག་དཔུང་སྟོབས་ཆེན་དུ་གཏོང་བའི་གཙོ་གནད་མི་ཡིན། འཇོན་མི་ནི་རང་རེའི་དམག་དཔུང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། དམག་དོན་འགྲན་རྩོད་དང་འབྱུང་འགྱུར་དམག་འཁྲུག་གི་རང་འགུལ་ཐོབ་དབང་གི་འགག་རྩའི་རྒྱུ་རྐྱེན་ཡིན་པས། དུས་རབས་གསར་པར་ཏང་གི་དམག་དཔུང་སྟོབས་ཆེན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་དང་། རང་དམག་གིས་ཕྱོགས་ཡོངས་ནས་འཛམ་གླིང་གི་དམག་དཔུང་རྩེ་གྲ་བསྐྲུན་པར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ལྡན། ཀྲུང་དབྱང་གི་འཇོན་མིའི་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དང་། དུས་རབས་གསར་པའི་འཇོན་མིས་དམག་དཔུང་སྟོབས་ཆེན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་ཆེད་སྲ་ཞིང་བརྟན་པའི་འདེགས་སྐྱོར་མཁོ་འདོན་བྱས་ནས། འཇོན་མིའི་སྤྱི་ཡོངས་ཀྱི་ཆུ་ཚད་འཛམ་གླིང་སྟོབས་ཆེའི་རྒྱལ་ཁབ་ཀྱི་དམག་དཔུང་གི་མདུན་གྲལ་དུ་སླེབས་དགོས། 

ཚེས26ཉིན་ནས28ཉིན་བར། ཀྲུང་དབྱང་དམག་ཨུའི་འཇོན་མིའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་། 

ཚེས26ཉིན་གྱི་ཕྱི་དྲོའི་ཆུ་ཚོད4པ་ཙམ་ལ། ཞི་ཅིན་ཕིང་ཅིང་ཞི་མགྲོན་ཁང་དུ་ཕེབས། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཚོགས་ཞུགས་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་མཉམ་པར་བསྐྱོན་པ་རེད། 

ཚེས26ཉིན་ནས28ཉིན་བར། ཀྲུང་དབྱང་དམག་ཨུའི་འཇོན་མིའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས། ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཞུགས་མི་སྣ་ཡོངས་ལ་མཇལ་འཕྲད་གནང་།   

ཞི་ཅིན་ཕིང་གིས་གསུང་བཤད་ནང་ཐོག་མར་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་རང་རེའི་ཏང་གིས་ལོ་བརྒྱ་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཁྱོན་ཡོངས་ནས་སྤྱི་སྡོམ་བྱས་ཏེ། ཏང་གིས་འཇོན་མིར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས། དུས་རབས་གསར་པའི་འཇོན་མིས་རྒྱལ་ཁབ་སྟོབས་ཆེན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཛམ་གླིང་གི་འཇོན་མིའི་ལྟེ་གནས་གལ་ཆེན་དང་གསར་གཏོད་ཀྱི་མཐོ་ས་བསྐྲུན་ཏེ། གནམ་འོག་གི་འཇོན་མི་གཅིག་སྡུད་ཀྱིས་བཀོལ་སྤྱོད་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ་བྱས་ཏེ། དུས་རབས་གསར་པའི་འཇོན་མིས་དམག་དཔུང་སྟོབས་ཆེན་དུ་གཏོང་བའི་ལས་དོན་ཁག་ཁྱོན་ཡོངས་ནས་ཡག་པོར་སྒྲུབ་དགོས། 

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུས་འཇོན་མིས་དམག་དཔུང་སྟོབས་ཆེན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཤིང་། འཇོན་མིའི་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་མཐའ་འཁྱོངས་བྱས་ལ། དམག་གྲབས་དམག་རྒྱག་གི་འཇོན་མི་གསོ་སྐྱོང་ལ་དམིགས་ཤིང་། དམག་དོན་མི་སྣ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་བཀོད་ཇུས་ལ་ཤུགས་སྣོན་བརྒྱབ། དམག་དོན་གྱི་མི་ཤུགས་ཐོན་ཁུངས་ཀྱི་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་དང་འཇོན་མིའི་ཁྱབ་ཁོངས་ཀྱི་སྒོ་འབྱེད་མཉམ་འདྲེས་ལ་སྐུལ་འདེད་བཏང་སྟེ། རང་དམག་གི་འཇོན་མིའི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོའི་འགྱུར་ལྡོག་ཇེ་མགྱོགས་སུ་འགྲོ་བ་དང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་དམག་དོན་གསར་བརྗེ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་བཞིན་ཡོད། རང་དམག་གིས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི“གོམ་སྟབས་གསུམ”གྱི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་གྱི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད། དམག་ཡོངས་ཀྱིས་དུས་རབས་གསར་པའི་འཇོན་མིས་དམག་དཔུང་སྟོབས་ཆེན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པའི་ལས་འགན་སྒྲུབ་སེམས་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་བཏང་སྟེ། ཚན་རིག་དང་མཐུན་པའི་ཇུས་འགོད་དང་། བྱ་སྤྱོད་ལ་ནན་འཛིན་བྱས་ནས། ཁྱོན་ཡོངས་ནས་འཇོན་མིའི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། འཇོན་མིས་དམག་དཔུང་སྟོབས་ཆེན་དུ་གཏོང་བའི་སྣེ་ཁྲིད་དང་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།  

ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་པའི་འཇོན་མིས་དམག་དཔུང་སྟོབས་ཆེན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེན་དུ་གཏོང་བའི་དགོངས་པ་དོན་འཁྱོལ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་དོན་འཁྱོལ་བྱེད་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ་བཅས་བྱས་ཤིང་། དམག་དཔུང་བཙུགས་ནས་ལོ་བརྒྱའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་དམིགས་ཏེ། དམག་དོན་མི་སྣའི་ནུས་པ་འཇོན་ཐང་དང་གྲུབ་ཆའི་བཀོད་པ། གསར་སྤེལ་དོ་དམ་བཅས་ཕྱོགས་ཡོངས་ནས་ཚུལ་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་ནས། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་ཞིང་ཆེད་ལས་ཅན་གྱི་གསར་དར་དམག་དོན་འཇོན་མི་སྐྱེད་སྲིང་བྱས་ཏེ། དམག་དོན་མི་སྣའི་དེང་རབས་ཅན་ལ་འཕེལ་རིམ་གལ་ཆེན་ཐོབ་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་འཇོན་མིའི་འཕེལ་རྒྱས་ལ་ཐོལ་བརྒལ་ཆེན་པོ་ཐོབ་པར་ཁག་ཐེག་བྱེད་དགོས། དུས་རབས་གསར་པའི་འཇོན་མིས་དམག་དཔུང་སྟོབས་ཆེན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར། ངེས་པར་དུ་ཏང་གིས་དམག་དཔུང་ལ་འཁྲུལ་མེད་མགོ་ཁྲིད་དེ་འཇོན་མིའི་ལས་དོན་གྱི་ཕྱོགས་ཡོངས་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས་ལ། ངེས་པར་དུ་དམག་རྒྱག་ཐུབ་པ་དང་རྒྱལ་ཁ་ལེན་ཐུབ་པ་དེ་འཇོན་མིའི་ལས་དོན་གྱི་མགོ་འཛུགས་ས་དང་དོན་འབབ་སར་བྱེད་དགོས། ངེས་པར་དུ་འཛམ་གླིང་གི་དམག་དོན་མདུན་གྲལ་ལ་ཕྱོགས་པ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་དགོས་མཁོ་གལ་ཆེན་ལ་ཕྱོགས་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་ཕྱོགས་པ་བཅས་བྱེད་དགོས། ངེས་པར་དུ་ཁྱོན་ཡོངས་ནས་འཇོན་མི་གསོ་སྐྱོང་དང་བེད་སྤྱོད་ཡག་པོ་བྱེད་དགོས། ངེས་པར་དུ་དམག་དོན་གྱི་མི་ཤུགས་ཐོན་ཁུངས་སྲིད་ཇུས་དང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། ངེས་པར་དུ་འཇོན་མིས་རྒྱལ་ཁབ་སྟོབས་ཆེན་གཏོང་བའི་འཐབ་ཇུས་དོན་འཁྱོལ་བྱེད་དགོས། 

ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གསར་པའི་འཇོན་མིས་དམག་དཔུང་སྟོབས་ཆེན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར། ཁྱོན་ཡོངས་སྤྱི་འདོམས་དང་གཙོ་གནད་འབུར་ཐོན་ཡོང་བ་བྱས་ཏེ། འཇོན་མི་གསོ་སྐྱོང་དང་བེད་སྤྱོད། གདེང་འཇོག ཞབས་ཞུ། རྒྱབ་སྐྱོར། སྐུལ་ལྕག་སོགས་ཀྱི་ལས་དོན་སོ་སོར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། གཙོ་གནད་ཐོལ་བརྒལ་གྱིས་སྤྱི་ཡོངས་མཐོར་འདེགས་ལ་སྐུལ་ཁྲིད་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་འཇོན་མིའི་ལས་དོན་གྱི་སྡེར་ཆེན་ནང་རང་རེའི་དམག་དཔུང་གི་འཇོན་མིའི་ལས་དོན་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་། དམག་དོན་དགོས་མཁོའི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ཏེ། འཆར་འགོད་སྦྲེལ་མཐུད་དང་སྲིད་ཇུས་སྦྲེལ་མཐུད། ལས་དོན་སྦྲེལ་མཐུད་བཅས་ཡག་པོ་བྱས་ནས། རང་དམག་གི་འཇོན་མིའི་ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་དགོས། 

ཞི་ཅིན་ཕིང་གིས་བསྟན་དོན། ཆབ་སྲིད་ཀྱི་ཚད་གཞི་ནི་རང་དམག་གི་འཇོན་མིའི་ཚད་གཞི་དང་པོ་ཡིན། ཆབ་སྲིད་ཀྱི་བླང་བྱ་ནི་རང་དམག་གི་འཇོན་མིའི་ཆེས་རྩ་བའི་བླང་བྱ་ཡིན། ཆབ་སྲིད་ཀྱི་འགག་སྒོ་དམ་པོར་སྲུང་ནས། བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། བླ་འཛུགས་མི་སྐྱོང་དང་ཆབ་སྲིད་རྟོག་ཞིབ་ཀྱི་ལས་དོན་ཡག་པོར་སྒྲུབ་སྟེ། གསོ་སྐྱོང་དང་བཀོལ་སྤྱོད་བྱས་པའི་འཇོན་མིས་ཆབ་སྲིད་ཀྱི་ཉམས་སད་ཐེག་ཐུབ་དགོས།  

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཇོན་མིའི་རང་བརྟེན་གསོ་སྐྱོང་གི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་དང་། དམག་དཔུང་གི་གསོ་སྐྱོང་གཙོ་བོར་བྱེད་པ་དང་བྱེད་ཐབས་སྣ་ཚོགས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་དམག་གི་ཁྱད་ཆོས་ལྡན་པའི་འཇོན་མི་གསོ་སྐྱོང་དང་བེད་སྤྱོད་བྱེད་སྟངས་ཆགས་ནས། དམག་གྲབས་དམག་རྒྱག་གི་འཇོན་མིའི་མཁོ་སྤྲོད་ནུས་པ་དང་ཆུ་ཚད་མཐོ་རུ་གཏང་དགོས། ནུས་ཤུགས་ཆེན་པོས་ཚན་རྩལ་གྱི་བྱང་ཚད་མཐོ་རུ་བཏང་ནས། དེང་རབས་དམག་འཁྲུག་ཁྲོད་རྒྱལ་ཁ་ལེན་པའི་དངོས་ཡོད་འཇོན་ནུས་ཆེ་རུ་གཏང་དགོས། དུས་རབས་གསར་པའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། སློབ་གླིང་དང་སློབ་གྲྭའི་དམིགས་བསལ་འཕེལ་རྒྱས་ཀྱི་འཐབ་ཇུས་དོན་འཁྱོལ་བྱས་ནས། གང་མགྱོགས་སྒོས་དམག་དོན་སློབ་གླིང་རྩེ་གྲ་བཙུགས་ནས་དམག་དོན་འཇོན་མི་རྩེ་གྲ་གསོ་སྐྱོང་བྱེད་དགོས། ལག་ལེན་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས། དཔོན་དམག་རྣམས་ཀྱིས་ཚ་ཚ་འུར་འུར་གྱི་དམག་དོན་ལག་ལེན་ཁྲོད་དཀའ་སྡུག་མྱོང་བ་དང་མཐོང་རྒྱ་སྐྱེད་པ། སྙིང་སྟོབས་སྤེལ་བ། འཇོན་ཐང་ཆེ་རུ་འགྲོ་བ་བཅས་ལ་སྐུལ་ལྕག་དང་ཁྲིད་སྟོན་བྱེད་དགོས། 

ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་སོ་སོའི་འཇོན་མི་བེད་སྤྱོད་ཡག་པོ་བྱས་ཏེ། བེད་ཆོད་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དམག་དོན་གྱི་མི་ཤུགས་ཐོན་ཁུངས་གནད་སྨིན་ནུས་ཆེའི་སྒོས་བཀོད་སྒྲིག་བྱས་ཏེ། འཇོན་མིར་བཀོད་སྒྲིག་ཡག་ཤོས་ཐུབ་པ་དང་ཕན་ནུས་ཆེ་ཤོས་འདོན་པར་ཁག་ཐེག་བྱེད་དགོས། རིགས་དབྱེ་ནས་སྲིད་ཇུས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མཉམ་འབྲེལ་དམག་འཐབ་བཀོད་འདོམས་འཇོན་མི་དང་། གསར་དར་དམག་འཐབ་སྟོབས་ཤུགས་འཇོན་མི། རིམ་མཐོའི་ཚན་རྩལ་གསར་གཏོད་འཇོན་མི། ཆུ་ཚད་མཐོ་བའི་འཐབ་ཇུས་དོ་དམ་འཇོན་མི་བཅས་གསོ་སྐྱོང་དང་བེད་སྤྱོད་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། དམག་དཔོན་དང་ཡིག་རིགས་ལས་འགན་འཁུར་བའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། 

ཞི་ཅིན་ཕིང་གིས་དམག་དོན་འཇོན་མིའི་འཚར་ལོངས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་། རིགས་སོ་སོའི་འཇོན་མིའི་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་བླང་བྱ་ཁོང་དུ་ཆུད་པ་དང། དོ་དམ་གྱི་འདུ་ཤེས་དང་བྱེད་ཐབས་གསར་གཏོད་བྱས་ནས། ཆེད་ལས་ཅན་དང་ཞིབ་ཚགས་ཅན། ཚན་རིག་ཅན་བཅས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། དམག་དོན་གྱི་མི་ཤུགས་ཐོན་ཁུངས་སྲིད་ཇུས་དང་ལམ་ལུགས་མ་ལག་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་བཏང་ནས། སྲིད་ཇུས་དང་ལམ་ལུགས་ཀྱི་ལེ་ལག་ཚང་བའི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། དམག་ཡོངས་སུ་འཇོན་མིར་ཡིད་ཆེས་བྱེད་པ་དང་། འཇོན་མིར་བརྩི་འཇོག་བྱེད་པ། འཇོན་མིར་རྒྱབ་སྐྱོར་བྱེད་པ། འཇོན་མིར་གཅེས་སྐྱོང་བྱེད་པ་བཅས་ཀྱི་རྣམ་པ་ཟབ་མོ་བསྐྲུན་ཏེ། རྒྱ་ཆེའི་འཇོན་མིའི་ལས་སྒྲུབ་ལས་སྐྲུན་གྱི་བརྩོན་སེམས་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སྤེལ་གང་ལེགས་གཏོང་དགོས།  

ཞི་ཅིན་ཕིང་གིས་བསྟན་དོན། དམག་ཨུས་འཇོན་མིའི་ལས་དོན་ལ་མགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་ནས། རིམ་པ་སོ་སོའི་ཏང་ཨུས་གཙོ་གཞིའི་འགན་འཁྲི་ཡག་པོར་འཁུར་དགོས། མགོ་ཁྲིད་ལས་བྱེད་པ་དང་། ལྷག་པར་དུ་མཐོ་རིམ་ལས་བྱེད་པར་འཇོན་མིའི་འདུ་ཤེས་དྲག་པོ་ཡོད་དགོས་ལ། དུས་རབས་གསར་པའི་པོ་ལི་བཟང་པོ་བྱེད་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དམག་དཔུང་གིས་འཇོན་མིའི་ལས་དོན་ལེགས་པོར་སྒྲུབ་པར་རྒྱབ་སྐྱོར་བྱེད་དགོས་ལ། སེམས་ཤུགས་གཅིག་སྒྲིལ་གྱིས་དམག་དཔུང་སྟོབས་ལྡན་ཡོང་བའི་བྱ་གཞག་དེ་རྒྱུན་མ་ཆད་པར་མདུན་དུ་སྤེལ་དགོས། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཞུའུ་ཆི་ལེང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཚོགས་འདུར་ཞུགས་ནས། ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་དུས་རབས་གསར་པའི་རང་དམག་གི་འཇོན་མིའི་ལས་དོན་ཡག་པོར་བསྒྲུབ་པའི་ཐད་བླང་བྱ་བཏོན། 

ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ཝུའེ་ཧྥུང་ཧི་དང་ལི་ཙུའོ་ཁྲེན། མེའོ་ཧྭ། ཀྲང་ཧྲིན་མིན་བཅས་ཚོགས་འདུར་ཞུགས། དམག་ཨུའི་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་འཐབ་ཁུལ་སོ་སོ། དམག་རིགས་སོ་སོ། དམག་དོན་ཚན་རིག་ཁང་། རྒྱལ་སྲུང་སློབ་ཆེན། རྒྱལ་སྲུང་ཚན་རྩལ་སློབ་ཆེན། དྲག་ཆས་ཉེན་རྟོག་དཔུང་སྡེའི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་སོགས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།