ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ས་གནས་ཁག་ཏུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བསྟུད་མུར་ཉིན་འགའི་རིང་ལ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཀོས་ཀྲིག་དང་སི་ཁྲོན། ཀན་སུའུ། ཧེ་ལུང་ཅང་སོགས་ས་ཆར་འཚོགས་པ་དང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྣམས་སྔ་རྗེས་སུ་ས་གནས་དེ་དག་གི་ཁེ་ལས་དང་སློབ་གྲྭ དྲན་གསོ་ཁང་སོགས་སུ་སོང་ནས། གཞི་རིམ་ལས་བྱེད་མང་ཚོགས་དང་བཞུགས་མོལ་བརྗེ་རེས་བྱས།

ཉེ་ལམ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ཀོས་ཀྲིག་ཏུ་འཚོགས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་བཅོས་སྒྱུར་ཉིན་རེའི་ལས་དོན་བྱ་བའི་ལས་བགོས་ཀྲུའུ་རིན་གཞོན་པ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཧུང་གིས་ཀོས་དབྱང་དུ་སྒྲོག་འགྲེལ་སྙན་ཞུ་ཕུལ་བར་མ་ཟད། ཙུན་དབྱི་ཚོགས་འདུའི་གནས་རྙིང་ཁུལ་དུ་སོང་ནས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་དང་ལྷན་དུ་བཞུགས་མོལ་བརྗེ་རེས་བྱས་ནས། ཡུལ་དངོས་ནས་ཚང་མས་སློབ་སྦྱོང་ཁྲོད་སེམས་ཁུར་བྱེད་པའི་གནད་དོན་ལ་ལན་བཏབ།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་ལིན་ཧྲང་ལིས་ཀྱིས་སི་ཁྲོན་ཁྲེང་ཏུའུ་རུ་སྒྲོག་འགྲེལ་སྙན་ཞུ་ཕུལ་བར་མ་ཟད། སི་ཁྲོན་སློབ་ཆེན་དུ་ཕེབས་ནས་དགེ་སློབ་ཀྱི་འཐུས་མི་དང་ལྷན་དུ་བསམ་འཆར་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གི་རིག་གཞུང་དང་རྩོམ་སྒྲིག་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲེན་ལིས་ཀྱིས་ཀན་སུའུ་ལན་གྲུ་གྲོང་ཁྱེར་དུ་སྒྲོག་འགྲེལ་སྙན་ཞུ་ཕུལ་བར་མ་ཟད། ལན་གྲུ་སྐྱེལ་འདྲེན་ས་ཚིགས་བྱང་མ་དང་ལན་གྲུ་སློབ་ཆེན་དུ་ཚང་མ་དང་ལྷན་དུ་བསམ་འཆར་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཀྲང་ལའེ་མེན་གྱིས་ཧེ་ལུང་ཅང་ཧ་ཨར་པིན་དུ་སྒྲོག་འགྲེལ་སྙན་ཞུ་ཕུལ། ཀྲང་ལའེ་མེན་གྱིས་གྲོས་ཆོད་བཟོ་རྒྱུའི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལས་འགན་དང་འགན་འཁྲི་སོགས་ཐད་ཀྱི་ནང་དོན་ལ་རྒྱས་བཤད་གཏིང་ཟབ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།