2022ལོའི་རྒྱལ་ཁབ་ཀྱི་གཞུང་ཞབས་པ་བསྡུ་བའི་རྒྱུགས་ལེན་ཆེན་མོ་མགོ་བརྩམས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས28ཉིན་གསར་འགོད་པས་རྒྱལ་ཁབ་གཞུང་ཞབས་པ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྡེ་ཁག་གི2022ལོའི་གཞུང་ཞབས་པ་བསྡུ་ལེན་བྱེད་པའི་སྤྱི་བའི་བསླབ་ཚན་གྱི་ཡིག་རྒྱུགས་དེ་ཉིན་དེར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར77དང་རྒྱུགས་ལེན་ར་བ59424ནས་རྒྱུགས་ལེན་མགོ་བརྩམས་པ་དང་། བསྡོམས་པས་མི་ཁྲི142.2ཡིག་རྒྱུགས་དངོས་ལ་ཞུགས་ཡོད།

1.jpg

ཟླ11པའི་ཚེས28ཉིན། ཧི་ཧྥེ་གྲོང་ཁྱེར་ཨན་ཧུའེ་རྒྱུགས་ཁུལ་གྱི་སློབ་འབྲིང45བའི་ཞང་ཧྲུའུ་ཝན་རྒྱུགས་ལེན་ས་ཚིགས་སུ། རྒྱུགས་ལེན་སློབ་མས་རྒྱུགས་རར་མ་ཞུགས་སྔོན་དུ་སྦྱོང་བརྡར་བྱེད་བཞིན་པའི་ཚུལ་རེད།

2.jpg

ཟླ11པའི་ཚེས28ཉིན། སློབ་མས་རྒྱུགས་སྤྲད་ཚར་རྗེས་ཧང་ཀྲོའུ་ཡི་རྒྱུགས་ལེན་ར་བ་ཞིག་ནས་ཕྱིར་ཡོང་བཞིན་པའི་ཚུལ་རེད། 

རྒྱུས་ལོན་པ་ལྟར་ན། ཐེངས་འདིར་རྒྱུགས་ལེན་མི་བསྡུའི་འཆར་གཞི་ནི་མི་ཁྲི3.12ཡིན་པ་དང་། བསྡོམས་པས་མི་ཁྲི174.2ཡིས་གྲོན་དངུལ་སྤྲད་དེ་འཁེལ་ལེན་བྱས་ཡོད་ལ། མི་ཁྲི142.2དངོས་སུ་ཡིག་རྒྱུགས་ལ་ཞུགས་ཤིང་། རྒྱུགས་ལ་ཞུགས་ཚད81.6%ཡིན། རྒྱུགས་ལ་ཞུགས་པའི་མི་གྲངས་དང་བསྡུ་ལེན་འཆར་གཞིའི་མི་གྲངས་ཀྱི་བསྡུར་ཚད་ནི46∶1རེད། རྒྱུགས་ལེན་ལྟ་རྟོག་པ་དང་བསྐོར་ཞིབ་པ། རྒྱུགས་ལེན་ལས་དོན་མི་སྣ་བཅས་མི་ཁྲི16.1གིས་རྒྱུགས་ལེན་ཞབས་ཞུ་མཁོ་སྤྲོད་བྱེད་བཞིན་ཡོད།

3.jpg

ཟླ11པའི་ཚེས28ཉིན། ཅང་སུའུ་ཝུའུ་ཞི་ཡུལ་སྐོར་ཚོང་དོན་མཐོ་རིམ་ཆེད་ལས་ལག་རྩལ་སློབ་གྲྭའི་རྒྱུགས་ལེན་ས་ཚིགས་སུ། སློབ་མས་རྒྱུགས་རར་མ་ཞུགས་སྔོན་གྱི་སྦྱོང་བརྡར་བྱེད་བཞིན་པའི་ཚུལ་རེད། 

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།