ཞི་ཅིན་ཕིང་གི《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་སྐོར་གླེང་བ》ཞེས་པའི་སི་ཕེན་གྱི་ཡི་གེའི་པར་གཞི་དཔེ་སྐྲུན་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ལོ་ཙཱ་བྱས་པའི་ཞི་ཅིན་ཕིང་གི《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་སྐོར་གླེང་བ》ཞེས་པའི་དཔེ་དེབ་ཀྱི་སི་ཕེན་གྱི་ཡི་གེའི་པར་གཞི་དེ་ཉེ་ལམ་ཀྲུང་དབྱང་སྒྲིག་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།

ཞི་ཅིན་ཕིང་གི《མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་སྐོར་གླེང་བ》ནི་ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་ཤིང་། དེར་བློ་མཐུན་ཞི་ཅིན་ཕིང་གི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་སྐོར་གླེང་བའི་ཟིན་བྲིས་གལ་ཆེན85བསྡུས་ཡོད། དཔེ་ཆ་འདིའི་སི་ཕེན་གྱི་ཡི་གེའི་པར་གཞི་དང་དེ་སྔོན་དཔེ་སྐྲུན་བྱས་པའི་དབྱིན་ཡིག་དང་ཧྥ་རན་སིའི་ཡི་གེ འཇར་པན་གྱི་ཡི་གེ ཨུ་རུ་སུའི་ཡི་གེ ཨ་རབ་ཀྱི་ཡི་གེ འཇར་མན་གྱི་ཡི་གེ་བཅས་པར་གཞིས་ཕྱི་རྒྱལ་གྱི་ཀློག་པ་པོར་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་རྒྱུས་ལོན་ཟབ་མོ་བྱེད་པ་དང་། ཞི་ཅིན་ཕིང་གི་ཕྱི་འབྲེལ་བསམ་བློའི་དོན་སྙིང་ཕུན་སུམ་ཚོགས་པ་དང་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་སོགས་ལ་གོ་བ་ལེན་པར་དོན་སྙིང་གལ་ཆེན་ལྡན།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།