ཧན་ཀྲིན་གྱིས་ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་དང་མཉམ་དུ་ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཉམ་ལས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པར་མགོ་འཛིན་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཧ་སག་སི་ཐན་མཉམ་ལས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་ཞི་ཧན་ཀྲིན་གྱིས་པེ་ཅིང་དུ་བརྙན་ལམ་ནས་ཧ་སག་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ། ཀྲུང་གོ་དང་ཧ་སག་སི་ཐན་མཉམ་ལས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧ་སག་སི་ཐན་ཕྱོགས་ཀྱི་ཀྲུའུ་ཞི་སི་མའེ་ལའོ་ཧྥུའུ་དང་ལྷན་དུ། ཀྲུང་གོ་དང་ཧ་སག་སི་ཐན་མཉམ་ལས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པར་མགོ་འཛིན་བྱས།

ཧན་ཀྲིན་གྱིས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པ་འཚོགས་པའི་ཚུན་ལ། ལས་དོན་ཁག་གིས་བླངས་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་ཏེ། དུས་རིམ་རྗེས་མའི་ལས་དོན་ཐད་གྲོས་འགོ་བཏོན། གཅིག་ནས་འཐབ་ཇུས་འབྲེལ་མཐུད་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། དར་གོས་ཚོང་ལམ་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་དང་འོད་ཟེར་ལམ་བུ་ཡི་དཔལ་འབྱོར་སྲིད་ཇུས་གསར་པའི་འབྲེལ་མཐུད་མཉམ་ལས་འཆར་འགོད་དོན་འཁྱོལ་ཡག་པོ་བྱས་ཏེ། ཀྲུང་གོའི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཆར་འགོད་དེ་ཧ་སག་སི་ཐན་གྱི་ཉིས་སྟོང་ཉེར་ལྔ་ལོའི་2025ལོའི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གཉིས་ནས་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་ཆེར་དང་སྟོབས་ཆེར་གཏོང་བ་དང་ཉོ་ཚོང་གྲུབ་ཆ་སྔར་ལས་ཇེ་ལེགས་སུ་བཏང་སྟེ། རིམས་ནད་གནས་ཚུལ་ལ་གཞིགས་ནས་རྒྱལ་ཁབ་གཉིས་ཀའི་མཐའ་མཚམས་ཉོ་ཚོང་ཞིབ་འཇུག་དང་སླར་གསོ་བྱེད་དགོས། གསུམ་ནས་ཐོན་ནུས་དང་དངུལ་གཏོང་མཉམ་ལས་ལ་སྐུལ་འདེད་དོན་ལྡན་བཏང་ནས། ཀྲུང་གོ་དང་ཧ་སག་སི་ཐན་སྲིད་གཞུང་བར་གྱི་ཐོན་ནུས་མཉམ་ལས་འཆར་འགོད་ཅེས་པར་མིང་རྟགས་འགོད་རྒྱུ་དམ་འཛིན་བྱེད་དགོས། བཞི་ནས་ཕན་ཚུན་སྦྲེལ་མཐུད་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ལས་གཞི་དང་མི་སྣ་གཙོ་བོ་རིམ་པ་བཞིན་ལས་ཐོན་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས། ལྔ་ནས་གསར་གཏོད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ལྷད་མེད་ནུས་ཁུངས་དང་མིས་བཟོས་རིག་ནུས།  གློག་རྡུལ་ཚོང་དོན། གཞི་གྲངས་དངུལ་རྩ་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱ་རྒྱུར་ཤུགས་སྣོན་དགོས།  དྲུག་ནས་དམངས་སེམས་གཅིག་མཐུན་གྱི་ཚད་སྔར་ལས་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་དམངས་འདོད་དང་སྤྱི་ཚོགས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས།

སི་མའེ་ལའོ་ཧྥུའུ་ཡིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་ཏེ་འདོད་དོན། ཧ་སག་སི་ཐན་དང་ཀྲུང་གོའི་མཉམ་ལས་བྱ་བའི་ཨུ་ཡོན་ལྷན་ཁང་ལ་རྒྱལ་ཁབ་གཉིས་ཀའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀའི་བདེ་འཇགས་དང་དཔལ་འབྱོར་ཉོ་ཚོང་། ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་ལས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཚོགས་འདུའི་རྗེས་སུ། ཧན་ཀྲིན་དང་སི་མའེ་ལའོ་ཧྥུའུ་གཉིས་ཀྱིས་ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཉམ་ལས་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པའི་ཟིན་བྲིས་གནད་བསྡུས་སྟེང་མིང་རྟགས་བཀོད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།