ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བསྟུད་མར་ཉིན་འགའི་རིང་ལ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་སྔ་རྗེས་སུ་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཧྲན་ཞི། མི་དམངས་ཉིན་རེའི་ཚགས་པར་ཁང་། ཉིན་ཞ་སོགས་སུ་སོང་ནས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་ལས་གཞན། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྣམས་ཁེ་ལས་དང་གྲོང་གསེབ་སོགས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་སོང་ནས་བཞུགས་མོལ་བརྗེ་རེས་བྱས།

ཚེས་ཉེར་དྲུག་ཉིན། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལིས་ཧྥུན་གྱིས་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དུ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་སྙན་ཞུ་ཕུལ། ཧི་ལིས་ཧྥུན་གྱིས་སྙན་ཞུའི་ནང་གྲོས་ཆོད་ཀྱི་དོན་སྙིང་གལ་ཆེན་དང་འཆར་ཟིན་འགོད་པའི་བརྒྱུད་རིམ་ངོ་སྤྲོད་བྱས་པ་དང་། གྲོས་ཆོད་ཀྱི་གཞི་རྩའི་སྒྲོམ་གཞི་དང་ནང་དོན་གཙོ་བོ་རྒྱས་བཤད་བྱས་པར་མ་ཟད། འཕེལ་རྒྱས་དང་བཅོས་སྒྱུར་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཨུ་ཡོན་ལྷན་ཁང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་བསམ་བློ་དང་བསམ་སྦྱོར་ཅི་ཡོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་ནས་གཅིག་གྱུར་ཡོང་བར་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན།

ཚེས་ཉེར་དྲུག་ཉིན། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་ཉིན་རྒྱུན་ཁག་བགོས་བྱ་བའི་པུའུ་ཀྲང་གཞོན་པ་ཅང་ཞིན་ཀྲི་ཡིས་ཧྲན་ཞི་ཐའེ་ཡོན་དུ་སྒྲོག་འགྲེལ་སྙན་ཞུ་ཕུལ། ཅང་ཞིན་ཀྲི་ཡིས་ཚད་ལྡན་གཞི་གྲངས་དང་དཔྱད་ཡིག་ནུས་ལྡན་སྤྱད་དེ། ཧྲན་ཞི་ཞིང་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་དང་འགྲེལ་བཤད་གཏིང་ཟབ་བྱས།

ཉེ་ལམ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་མི་དམངས་ཉིན་རེའི་ཚགས་པར་ཁང་དུ་བསྡུས་ཤིང་། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཅང་ཅིན་ཆོན་གྱིས་སྒྲོག་འགྲེལ་སྙན་ཞུ་ཕུལ། ཅང་ཅིན་ཆོན་གྱིས་གྲོས་ཆོད་བཟོ་བའི་དོན་སྙིང་གལ་ཆེན་དང་དེའི་མངོན་གསལ་དོད་པའི་ཁྱད་ཆོས། དེ་བཞིན་གྲོས་ཆོད་ནང་བཏོན་པའི་འབྱུང་འགྱུར་ལ་ཁ་ཕྱོགས་དགོས་པའི་རྩ་བའི་བླང་བྱ་སོགས་ཕྱོགས་བཅུའི་ནང་དོན་ལ་ངོས་འཛིན་གཏིང་ཟབ་བྱ་རྒྱུར་དམིགས་ནས་སྒྲོག་འགྲེལ་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་ཐེན་ཕེ་ཡན་གྱིས་ཉིན་ཞ་དབྱིན་ཁྲོན་དུ་སྒྲོག་འགྲེལ་སྙན་ཞུ་ཕུལ། ཐེན་ཕེ་ཡན་གྱིས་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་མ་འོངས་གསར་གཏོད་ཀྱི་བླང་བྱ་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་དགོས་པ་སོགས་ཀྱི་ཐད་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་སྒྲོག་འགྲེལ་དང་འགྲེལ་བཤད་གཏིང་ཟབ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།