ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨུ་རུ་སུར་རྡོ་སོལ་གཏེར་ཁུལ་གྱི་ལས་འཛོལ་བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བའི་ཐད་ཨུ་རུ་སུའི་ཙུང་ཐུང་ལ་འཚམས་འདྲིའི་ཁ་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་རྡོ་སོལ་གཏེར་ཁུལ་གྱི་ལས་འཛོལ་བྱུང་ནས། མི་སྣ་ཤི་རྨས་ཚབས་ཆེན་བྱུང་བར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་ལ་འཚམས་འདྲིའི་ཁ་པར་བཏང་།

ཞི་ཅིན་ཕིང་གི་འཚམས་འདྲིའི་ཁ་པར་ནང་བསྟན་དོན། ཁྱེད་ཚོའི་རྒྱལ་ཁབ་ཀྱི་ཁི་མའེ་ལའོ་ཝོ་མངའ་སྡེ་ཡི་པའེ་ལའོ་ཝོ་གྲོང་ཁྱེར་གྱི་རྡོ་སོལ་གཏེར་འདོན་ས་ཁུལ་ཞིག་ཏུ་སོལ་རླངས་འབར་གས་བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་ཤེས་མ་ཐག ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་པ་དང་། ང་མི་སྒེར་གྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་བའི་མི་སྣར་གདུང་སེམས་ཆེན་པོས་མྱ་ངན་དང་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མི་དང་དེ་བཞིན་རྨས་མར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་ཞུས་པ་ཡིན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།