ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་དྲུག་པའི་ཀྲུའུ་ཞིར་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་ལམ་ནས་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པའི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་དྲུག་པའི་ཀྲུའུ་ཞི་ཧྲ་ཞི་ཏི་ལ་ཐུག་འཕྲད་བྱས།

ལིས་ཁི་ཆང་གིས་ཧྲ་ཞི་ཏི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་དྲུག་པའི་ཀྲུའུ་ཞིའི་འགན་འཁུར་བར་རྟེན་འབྲེལ་ཞུས་ཏེ་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ནི་མཚོན་བྱེད་རང་བཞིན་དང་རྒྱ་ཁྱབ་རང་བཞིན། དབང་གྲགས་རང་བཞིན་བཅས་ཆེ་ཤོས་ལྡན་པའི་སྲིད་གཞུང་བརྒལ་གྱི་རྒྱལ་སྤྱིའི་རྩ་འཛུགས་ཤིག་དང་ཕྱོགས་མང་རིང་ལུགས་ཀྱི་དར་ཆ་ཞིག་ཡིན། ད་ལོ་ནི་ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གོ་གནས་སླར་གསོ་བྱས་ནས་ལོ་ལྔ་བཅུ་འཁོར་བའི་ལོ་ཡིན་པས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་གནས་བབ་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་དགོས་ཞེས་གསུངས་ཡོད།  ཀྲུང་གོས་སྔར་བཞིན་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་། མཉམ་འབྲེལ་རྒྱལ་ཚོགས་ལྟེ་བ་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་རྟེན་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དམིགས་ཡུལ་དང་རྩ་དོན་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བཅས་ལ་སྲུང་སྐྱོབ་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འཛམ་གླིང་གི་ཞི་བདེར་སྲུང་སྐྱོབ་དང་། འཛམ་གླིང་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན།

ཧྲ་ཞི་ཏི་ཡིས་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ཐོག་མཐའ་བར་གསུམ་དུ་བརྩི་སྲུང་བྱས་པར་མ་ཟད། ཕྱོགས་མང་རིང་ལུགས་སྲུང་སྐྱོབ་བྱས་པར་བསྔགས་བརྗོད་བྱས། ཁོས་འདོད་དོན། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོར་རྒྱབ་སྐྱོར་བྱ་རྒྱུའི་འདོད་བློ་བསྟན་པ་དང་། ཀྲུང་གོ་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ལ་སྐུལ་འདེད་གཏོང་བ། རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བར་བྱེད་པ་བཅས་ལ་རེ་ལྟོས་བྱེད་ཀྱིན་ཡོད།

ཧི་ལིས་ཧྥུན་ཐེངས་འདིའི་ཐུག་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།