ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་ང་བདུན་པ་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་མགོ་འཛིན་བྱས་ཏེ་ནན་གྱིས་བསྟན་དོན། ཀྲུང་ལུགས་གསོ་རིག་སྨན་རྫས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་། གསར་གཏོད་ཡག་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཚན་རིག་དང་མཐུན་པའི་ཆོས་ཉིད་ལ་བརྩི་སྲུང་བྱེད་པ། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཐོན་ཁུངས་སྔོག་འདོན་དང་སྲུང་སྐྱོབ་ལས་དོན་ཡག་པོ་སྒྲུབ་པ། ཀྲུང་ལུགས་གསོ་རིག་སྨན་རྫས་ལས་དོན་དང་ཐོན་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། བདེ་ཐང་ཀྲུང་གོ་བསྐྲུན་ཆེད་ལེགས་སྐྱེས་འབུལ་དགོས།

སྲིད་གྲོས་ཀྱི་ཨུ་ཡོན་དང་ཆེད་མངགས་གདན་ཞུས་འཐུས་མི་བཅུ་ཡིས་ཚོགས་ཐོག་ནས་གཏམ་བཤད་བྱས་པ་དང་། ཨུ་ཡོན་བརྒྱ་ལྷག་ཙམ་གྱིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་དྲ་ལམ་འགན་འཁྲི་སྒྲུབ་པའི་སྟེགས་བུ་བརྒྱུད་དེ་བསམ་འཆར་བཏོན།  ཚང་མས་འདོད་དོན། དེང་སྐབས་ཀྲུང་ལུགས་གསོ་རིག་སྨན་རྫས་འཕེལ་རྒྱས་ལ་གོ་སྐབས་ཆེན་པོ་ལྡན་ཡོད་ནའང་།  ཚན་རིག་ཞིབ་འཇུག་གསར་གཏོད་ཀྱི་སྒུལ་ཤུགས་མི་འདང་བ་དང་འཇོན་ཐང་མི་སྣ་མི་འདང་བའི་གནད་དོན་མངོན་གསལ་ཡིན་པ། རིག་གནས་ཀྱི་ནང་དོན་སྔོག་འདོན་བྱས་པ་མི་འདང་བ་སོགས་ཀྱི་གནད་དོན་མངོན་གསལ་གནས་ཡོད་པར་ངོས་འཛིན་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།