ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་བདེ་བླག་ངང་ཚོད་ལྟའི་འཁོར་སྐར་ཨང་བཅུ་གཅིག་པ་འཕེན་གཏོང་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས25ཉིན་གྱི་ཆུ་ཚོད7དང་སྐར་མ41སྟེང་། རང་རྒྱལ་གྱིས་ཅིའུ་ཆོན་འཁོར་སྐར་འཕེན་གཏོང་ལྟེ་གནས་སུ་མགྱོགས་གྲུ་དང་པོའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཀ་བ་སྤྱད་དེ། ཚོད་ལྟའི་འཁོར་སྐར་ཨང་བཅུ་གཅིག་པ་མཁའ་དབྱིངས་སུ་འཕེན་གཏོང་བྱེད་པ་ལེགས་འགྲུབ་བྱས། འཁོར་སྐར་བདེ་བླག་ངང་སྔོན་དཔག་གི་འཁོར་ལམ་དུ་བསྐྱལ་བས་ཐེངས་འདིའི་འཕེན་གཏོང་ལས་འགན་རྒྱལ་ཁའི་ངང་ལེགས་འགྲུབ་བྱས།

འདི་ནི་མགྱོགས་གྲུ་དང་པོའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཀ་བའི་ཐེངས13པའི་འཕུར་སྐྱོད་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།