ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་དུ་སྤྱི་སྤྱོད་སྤྱོད་ཁང་ཁྲི37ལས་བརྒལ་བ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ནས་རྒྱུས་ལོན་པ་ལྟར་ན། མིག་སྔར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་མཁར་དུ་སྤྱི་བའི་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ་པའི་སྤྱོད་ཁང་ཁྲི37ལས་བརྒལ་ཡོད། དེའི་ནང་གྲོང་ཁྱེར་གྱི་སྤྱི་སྤྱོད་སྤྱོད་ཁང་ཁྲི16.5ཡོད་ལ། 2017ལོ་དང2000ལོ་དང་བསྡུར་ན་སོ་སོར21.4%དང55.1%འཕར་ཡོད། རྫོང་མཁར་གྱི་སྤྱི་སྤྱོད་སྤྱོད་ཁང་ཁྲི5.5ལ་སླེབས་པ་དང་། 2017ལོ་དང2000ལོ་དང་བསྡུར་ན་སོ་སོར21.3%དང77.4%འཕར་ཡོད། གཞན་ལས་རིགས་སྤྱི་སྤྱོད་སྤྱོད་ཁང(སྤྱི་གླིང་དང་མཛེས་ལྗོངས་ཁུལ། འགྲིམ་འགྲུལ་ལྟེ་གནས་སོགས)ཁྲི7.4ཡོད་ལ། སྤྱི་ཚོགས་ལས་ཁུངས་ཀྱིས་སྒོ་ཕྱེས་པའི་སྤྱོད་ཁང(ཁེ་ལས་ལས་དོན་ལས་ཁུངས་དང་སྤྱི་བའི་ལས་ཁུངས། ཚོང་ར། སྣུམ་སྣོན་ས་ཚིགས་སོགས)ཁྲི8.1ལྷག་ཡོད། 

སྤྱི་སྤྱོད་སྤྱོད་ཁང་ཀྱི་ཁ་གྲངས་ཇེ་མང་དུ་སོང་བའི་དུས་མཚུངས་སུ་གྲུབ་ཚུལ་ལའང་ལེགས་བཅོས་བྱུང་ཡོད། མིག་སྔར། རྒྱལ་ཡོངས་སུ་གྲོང་ཁྱེར་གྱི་གེགས་རྐྱེན་མེད་པའི་སྤྱོད་ཁང་ཁྲི5.2ལྷག་ཡོད་པ་དང་། དེས་གྲོང་ཁྱེར་གྱི་སྤྱི་སྤྱོད་སྤྱོད་ཁང་ཡོངས་ཀྱི31.5%ཟིན་ཡོད། གྲོང་ཁྱེར་ཁྲི1ལྷག་གིས་སྤྱི་སྤྱོད་སྤྱོད་ཁང་ཁྲོད་སྤྱོད་ཁང་གསུམ་པ་བཙུགས་ཤིང་། དེས་གྲོང་ཁྱེར་ཡོངས་ཀྱི་སྤྱི་སྤྱོད་སྤྱོད་ཁང་ཁ་གྲངས་ཀྱི6%ཟིན་ཡོད། 

རྗེས་ཕྱོགས་སུ། སྔར་ལས་ལྷག་པའི་སྒོ་ནས་གྲོང་ཁྱེར་གྱི་སྤྱི་སྤྱོད་སྤྱོད་ཁང་མི་གཤིས་ཅན་དང་སྐྱེ་ཁམས་ཅན། རིག་ནུས་ཅན་གྱི་ཇུས་འགོད་ལ་ཤུགས་སྣོན་རྒྱུ་དང་། ཕྱོགས་ཡོངས་ནས་གྲོང་ཁྱེར་གྱི་སྤྱི་སྤྱོད་སྤྱོད་ཁང་འཛུགས་སྐྲུན་དོ་དམ་ཞབས་ཞུ་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། གནད་འགག་གི་དོན་ཆུང་འདི་ལེགས་སྒྲུབ་དང་དངོས་འབེབས་གང་ལེགས་བྱས་ནས། མི་དམངས་མང་ཚོགས་ལ་སྔར་བས་སྟབས་བདེ་དང་སྤུས་ལེགས་ཀྱི་གསང་སྤྱོད་ཞབས་ཞུ་མཁོ་སྤྲོད་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།