ཀྲུང་གོས་ལའོ་ཝུའོ་རྒྱལ་ཁབ་ལ་རིམས་འགོག་དངོས་ཟོག་ཞལ་འདེབས་སུ་ཕུལ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས23ཉིན། ཕྱི་འབྲེལ་པུའུ་ཡིས་ཀྲུང་གོ་དང་ལའོ་ཝུའོ་རྒྱལ་མཚམས་མཉམ་འབྲེལ་ལྷན་ཚོགས་ཀྱིས་མིང་སྟེང་ནས་ལའོ་ཝུའོ་དང་ཀྲུང་གོའི་མཐའ་མཚམས་ཀྱི་ཉེ་འབྲེལ་ཞིང་ཆེན་གསུམ་ལ་རིམས་འགོག་དངོས་ཟོག་ཞབས་ཞལ་འདེབས་སུ་ཕུལ་བ་དང་། དངོས་ཟོག་ཞལ་འདེབས་འབུལ་བའི་མཛད་སྒོ་དེ་ཡུན་ནན་ཞིང་ཆེན་ཞི་ཧྲོན་པན་ན་ཏའེ་རིགས་རང་སྐྱོང་ཁུལ་གྱི་མའོ་ཧན་ཁུག་འགག་ནས་སྤེལ་བ་རེད། མཛད་སྒོ་མཇུག་སྒྲིལ་རྗེས། དངོས་ཟོག་དེ་དག་མའོ་ཧན་ཁུག་འགག་ནས་ལའོ་ཝུའོ་རྒྱལ་ཁབ་ལ་ཕྱིར་གཏོང་བྱེད་རྒྱུ་རེད།

མཚམས་སྦྱོར་བྱས་པ་ལྟར་ན། དངོས་ཟོག་དེ་དག་ཁྲོད་རང་འགུལ་ཉིང་བསྐྱུར་བརྟག་བཤེར་བསྡུ་ལེན་འཕྲུལ་ཆས་དང་རང་འགུལ་གྱི་སྨན་སྤྱོདPCRདབྱེ་ཞིབ་མ་ལག སྨན་སྤྱོད་དབུགས་རླུང་བཟོ་ཆས། དབོར་འདྲེན་དབུགས་ལེན་འཕྲུལ་ཆས་སོགས་ཀྱི་སྒྲིག་ཆས་ཡོད། དངོས་ཟོག་དེ་ཕྱི་འབྲེལ་པུའུ་ཡིས་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཕྱི་འབྲེལ་གཞུང་སྒྲུབ་ཁང་ལ་མངག་བཅོལ་བྱས་ཏེ་རྩིས་སྤྲོད་བྱས་པ་དང་། ཞི་ཧྲོན་པན་ན་ཏའེ་རིགས་རང་སྐྱོང་ཁུལ་ཕྱི་འབྲེལ་སྡེ་ཁག་གིས་བྱེ་བྲག་གི་སྒྲུབ་འགན་ཁུར་ཡོད། ཐེངས་འདིར་ལའོ་ཝུའོ་ལ་རིམས་འགོག་དངོས་ཟོག་ཕུལ་བ་ནི་གཙོ་བོ་ལའོ་ཝུའོ་མཐའ་མཚམས་ས་ཁུལ་གྱིས་སྔ་མོ་ནས་རིམས་ནད་འགོག་བཅོས་ལ་ཚོད་འཛིན་བྱེད་ཐུབ་པར་རྒྱབ་སྐྱོར་བྱས་པ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།