ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱིས་ཟླ10བར་རྒྱལ་ཡོངས་སུ་བསྡོམས་པས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན7636རྩད་ཆོད་ཞེས་བསྟན།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2021-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་གྱི་དྲ་ཚིགས་སུ་ཚེས24ཉིན་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་གནས་ཚུལ་ཟླ་རེའི་སྤྱི་བསྒྲགས་ཀྱི་གཞི་གྲངས་ཁྱབ་སྒྲོག་བྱས། སྤྱི་བསྒྲགས་ལས་མངོན་པ་ལྟར་ན། 2021ལོའི་ཟླ10བར། རྒྱལ་ཡོངས་སུ་བསྡོམས་པས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན7636ཡོད་པ་དང་། སྐྱོན་བརྗོད་སློབ་གསོས་རོགས་སྐྱོར་དང་ཐག་གཅོད་བྱས་པའི་མི10933(ས་གནས་ཀྱི་ཐིང་རིམ་པའི་ལས་བྱེད་པ་མི45དང་རྫོང་གི་ཁྲུའུ་རིམ་པའི་ལས་བྱེད་པ་མི677)ཡོད་ལ། མི7683ལ་ཏང་གི་སྒྲིག་ཁྲིམས་སྲིད་དོན་ཆད་གཅོད་བྱས།

སྤྱི་བསྒྲགས་ལྟར་ན། ད་ལོའི་ཟླ10བར་རྒྱལ་ཡོངས་སུ་བསྡོམས་པས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན3573རྩད་ཆོད་པ་དང་། སྐྱོན་བརྗོད་སློབ་གསོས་རོགས་སྐྱོར་དང་ཐག་གཅོད་བྱས་པའི་མི5504ཡོད། དེའི་ནང་། “འགན་འཁྲི་དོན་འཁྱོལ་མི་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཞབས་ཞུ་སོགས་ཀྱི་ཐད་འགན་མི་ཁུར་བ་དང་ལས་དོན་མི་སྒྲུབ་པ། གང་འདོད་དུ་སྒྲུབ་པ། གྲུབ་འབྲས་རྫུན་བཟོ་བྱེད་པ་བཅས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པ”ཕྱོགས་ཀྱི་གནད་དོན་ཆེས་མང་བ་དང་། བསྡོམས་པས་གནད་དོན2853རྩད་དོན་ལ། སྐྱོན་བརྗོད་སློབ་གསོས་རོགས་སྐྱོར་དང་ཐག་གཅོད་བྱས་པའི་མི4447ཡོད།

སྤྱི་བསྒྲགས་ལྟར་ན། ད་ལོའི་ཟླ10བར་རྒྱལ་ཡོངས་སུ་སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་གནད་དོན4063རྩད་ཆོད་པ་དང་།  སྐྱོན་བརྗོད་སློབ་གསོས་རོགས་སྐྱོར་དང་ཐག་གཅོད་བྱས་པའི་མི5429ཡོད། དེའི་ནང་། ཁྱད་ཐོན་མིང་གྲགས་ཅན་དང་ལེགས་སྐྱེས་དང་དངུལ་སྒོར་སྟེར་ལེན་གྱི་གནད་དོན1452དང་། སྒྲིག་འགལ་ངང་ཁ་གསབ་སྒོར་མོ་དང་ཕན་བདེའི་གྲོན་དངུལ་བྱིན་པའི་གནད་དོན819། སྒྲིག་འགལ་ངང་བཟའ་བཏུང་ལ་རོལ་བའི་གནད་དོན815བཅས་རྩད་ཆོད་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།