ཀྲུང་གོ་བོད་ཀྱི་དྲ་བ།

སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་པའི་ཐོག་ཚོགས་ཆེན་གྱི་གཏམ་བཤད་སྤེལ།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་འཛིན་ལྷ་མོས་བསྒྱུར།   སྤེལ་དུས། : 2021-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས23ཉིན་གྱི་ཕྱི་དྲོར། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་བའི་ཐོག་ཚོགས་ཆེན་གྱི་གཏམ་བཤད་སྤེལ་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས། 

ཟླ11པའི་ཚེས23ཉིན་གྱི་ཕྱི་དྲོར། སྲིད་གྲོས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དགུ་བའི་ཐོག་ཚོགས་ཆེན་གྱི་གཏམ་བཤད་སྤེལ་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས།  

དབྱང་པོ་ཅན་དང་ཝང་ཀོང་ཆན། ཝུའུ་ཞོ་ཆིང། ཀྲང་ཡུས་ཏུང་། ཅོ་ཧུང་། ཅང་ཙུའོ་ཅུན། ལའེ་མིང་། ཀྲིན་ཅན་མིན། ཡེ་ཆིང་། ཡེ་ཞོ་ཀང་། ཝུའུ་ཁྲང་ཏེ། ཡུས་གོ་ཁྲུན་སོགས་རྒྱུན་ལས་ཨུ་ཡོན12ཀྱིས་དམངས་གཙོ་ཏང་ཤོག་སོ་སོའི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། འབྲེལ་ཡོད་ལས་རིགས་སོ་སོའི་ཚབ་བྱས་ནས་ཚོགས་ཆེན་གྱི་གཏམ་བཤད་སྤེལ།

ཚང་མས་གཏམ་བཤད་ཁྲོད་གཅིག་གྱུར་སྒོས་བསྟན་དོན། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་བརྒྱའི་འབད་འཐབ་ཐད་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་གྲོས་ཆོད》ལ་རྦད་དེ་མོས་མཐུན་ཡོད་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན། 《གྲོས་ཆོད》ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོར་བསྟུན་པའི་ལོ་རྒྱུས་ཀྱི་རང་འགུལ་རང་བཞིན་གང་ལེགས་མངོན་ཞིང་། ཏང་ཡོངས་ཀྱིས་བསམ་བློ་གཅིག་གྱུར་དང་བློ་རྩ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་གྱི་སྒོ་ནས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ལོ་རྒྱུས་མེ་ལོང་དུ་བཟུང་ནས་འབྱུང་འགྱུར་གསར་གཏོད་བྱེད་པ་དང་། དཀའ་སྤྱད་འབད་བརྩོན་གྱིས་ཧུར་ཐག་སྒོས་མདུན་སྐྱོད་བྱེད་ངེས་ཡིན།གྲོས་ཆོད》ཀྱིས“བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ་བྱས་ཡོད”ཅེས་པའི་དོན་སྙིང་གལ་ཆེན་སྔར་བས་རྒྱས་བཤད་བྱས་ཤིང་། དེས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་བསམ་འདུན་མཚོན་ཡོད་པས། སྔར་ལས་ལྷག་པའི་སྒོ་ནས“སྲུང་སྐྱོང་གཉིས”ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་དགོས། གྲོས་ཆོད》ཀྱིས“མཐའ་འཁྱོངས་བཅུ”ཡིས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་མགོ་ཁྲིད་དེ་ལོ་བརྒྱའི་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་ཉམས་མྱོང་སྤྱི་སྡོམ་གཏིང་ཟབ་བྱས་ཡོད་ལ། ངེས་པར་དུ་གཅེས་སྤྲས་ལྡབ་འགྱུར་དང་ཡུན་རིང་མཐའ་འཁྱོངས་བྱས་ནས། དུས་རབས་གསར་པའི་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་གཏོང་དགོས།  

ཚང་མས་བསྟན་དོན། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ། ཀྲུང་གུང་གི་ལོ་བརྒྱའི་འོད་སྟོང་འབར་བའི་ལོ་རྒྱུས་ཁྲོད་ནས་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་ཅིང་མུ་མཐུད་དུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་འབད་འབུངས་སྟོབས་ཤུགས་བསྡུ་ལེན་བྱེད་དགོས་ལ། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། རིགས་པའི་གཞུང་ལུགས་ཀྱི་མོས་སེམས། བརྩེ་སེམས་ཀྱི་མོས་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་དང་གཅིག་གྱུར་བྱེད་དགོས། ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་པར་ཤུགས་སྣོན་བརྒྱབ་ནས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ་དང་། ཇུས་འདོན་སྲིད་སྐྱོང་དང་ཐུན་མོང་ངོས་འཛིན་གཅིག་སྒྲིལ་ཕྱོགས་གཉིས་ཀྱི་ནུས་ཤུགས་འདོན་པའི་སྤུས་ཚད་མཐོ་རུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་རྒྱ་ཁྱབ་དང་རིམ་པ་མང་བའི་ལམ་ལུགས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། 

ཚང་མས་ཆེས་རྒྱ་ཁྱབ་ཀྱི་འཐབ་ཕྱོགས་གཅིག་གྱུར་འཛུགས་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་དགྲ་བཏུལ་གཡུལ་རྒྱལ་གྱི་མཆོག་ནོར་གལ་ཆེན་ཞིག་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་སྐྱོང་རྒྱལ་དར་ཀྱི་མཆོག་ནོར་གལ་ཆེན་ཞིག་ཀྱང་ཡིན། མི་དམངས་སྲིད་གྲོས་ཀྱིས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ནུས་པ་འདོན་སྤེལ་དང་། མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོ་མཐའ་འཁྱོངས། གཅིག་གྱུར་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་མཐའ་འཁྱོངས་བཅས་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། སྲིད་ཏང་གི་འབྲེལ་བ་དང་མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། རིམ་གྲས་ཀྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་བཅས་ཀྱི་འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་ལས་དོན་གཏིང་ཟབ་སྤེལ་ནས། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པར་འདོད། 

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་ཡུན་ལུང་གིས་ཚོགས་འདུ་མགོ་འཛིན་མཛད། ཀྲང་ཆིང་ལི་དང་ལིའུ་ཆི་པོ། ཧི་ཧོའུ་ཧྭ། ལུའུ་ཀྲན་ཀུང་། ཝང་ཀྲེང་ཝེ། མཱ་པེའོ། ཁྲིན་ཞོ་ཀོང་། ལེང་ཀྲེན་དབྱིང་། ལི་པིན། པ་ཐར། ཝང་ཡུང་ཆིང་། ཧི་ལི་ཧྥུང་། སུའུ་ཧུའེ། ཀྲིན་ཅན་པང་། ཀུའུ་ཧྲེང་ཙུའུ། ལིའུ་ཞིན་ཁྲིན། ཧི་ཝེ། ཧྲའོ་ཧུང་བཅས་ཚོགས་འདུར་ཞུགས། ། 

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།