ལི་ཀྲན་ཧྲུའུ་ཀྲུང་ཨུའི་གྲོས་ཚོགས་མཉམ་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བདུན་པའི་མགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།  

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས23ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་། ཀྲུང་ཨུའི་གྲོས་ཚོགས་མཉམ་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བདུན་པའི་བརྙན་ལམ་ཚོགས་འདུའི་མགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།   

  པར་འདི་ནི་ཟླ11པའི་ཚེས23ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་ཨུའི་གྲོས་ཚོགས་མཉམ་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བདུན་པའི་བརྙན་ལམ་ཚོགས་འདུའི་མགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ་བཞིན་པའི་ཚུལ་རེད།  

 ལི་ཀྲན་ཧྲུའུ་ཡིས་ད་ལོ་ནི《ཀྲུང་ཨུ་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་འཁོར20ལོན་པའི་ལོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་གི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་ཨུའི་འབྲེལ་བ་རྒྱུན་མཐུད་དང་ཆུ་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཕྱིན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། དེས་ཀྲུང་ཨུ་རྒྱལ་ཁབ་གཉིས་པོས་བློ་བརྟན་འགྱུར་མེད་ངང་ཕན་ཚུན་ལ་རྒྱབ་སྐྱོར་དང་འཐབ་ཇུས་མཉམ་ལས་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་མཚོན་པ་དང་། ཕྱོགས་གཉིས་པོའི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་རྒྱལ་ཁབ་ཡིན་པའི་འགན་འཁྲི་འཁུར་སེམས་མཚོན་ཡོད་ཅེས་གསུངས། 

ལི་ཀྲན་ཧྲུའུ་ཡིས་ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་ལོ་ཡིན། ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཉེ་ཆར་རྒྱལ་ཁའི་ངང་འཚོགས་པ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཁྱོན་ཡོངས་ནས་སྤྱི་སྡོམ་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གིས་ད་དུང་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་དམངས་ཆེན་བྱ་བའི་ཚོགས་འདུ་ཐེངས་དང་པོ་འཚོགས། ཀྲུང་གོ་ཕྱོགས་ཀྱིས་དམངས་གཙོ་ནི་རྒྱལ་ཁབ་གང་རུང་ཞིག་གི་ཆེད་ཁེ་མིན་པར། མིའི་རིགས་ཧྲིལ་པོའི་ཐུན་མོང་གི་རིན་ཐང་ཡིན། དམངས་གཙོ་ནི་རྒྱན་ཆ་ཞིག་མིན་པར། དམངས་གཙོ་མངོན་འགྱུར་བྱེད་པར་བྱེད་ཐབས་སྣ་མང་ལྡན་ཡོད། ཚད་གཞི་རྐྱང་པ་ཞིག་གིས་འཛམ་གླིང་གི་སྣ་མང་ཕུན་སུམ་ཚོགས་པའི་ཆབ་སྲིད་ལམ་ལུགས་ལ་ཚད་འཇལ་བྱེད་པ་དང་། སྣ་རྐྱང་གི་མཐོང་རྒྱ་ཡིས་མིའི་རིགས་ཀྱི་ཚོན་མདོག་རྣམ་པར་བཀྲ་བའི་ཆབ་སྲིད་དཔལ་ཡོན་ལ་ལྟ་ཞིབ་བྱེད་པ་ནི་དམངས་གཙོ་མ་ཡིན་ནོ། །ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ཀྱིས་བདམས་པའི་ཆབ་སྲིད་ལམ་ལུགས་དང་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། མུ་མཐུད་དུ་འབད་འཐབ་བྱས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར100ལོན་སྐབས་ཀྲུང་གོ་འདི་ཉིད་འབྱོར་ཕྱུག་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་བསྐྲུན་དགོས་ཞེས་གསུངས། 

ལི་ཀྲན་ཧྲུའུ་ཡིས་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་གི་ངོས་འཛིན་གལ་ཆེན་རྩ་བའི་གཞི་འཛིན་སར་བརྩིས་ནས། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་མཛའ་བརྩེ་རྒྱུན་འཛིན་བཅས་བྱ་ཆེད། དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱས་ཡོད། གནས་བབ་གསར་པའི་འོག ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིས་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་ཆེད་སྟོབས་ཤུགས་འབུལ་དགོས། གཅིག་ནས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོང་བྱེད་པར་དམིགས་དགོས། དམིགས་ཡུལ་ལྡན་པའི་ཁྲིམས་འཛུགས་ལ་བརྟེན་ནས་ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད། བློ་བརྟན་འགྱུར་མེད་ངང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། གཉིས་ནས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་། ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་སྦྲེལ་མཐུད་མཉམ་ལས་ལ་སྐུལ་འདེད་གཏོང་བར་སྔར་བས་འཐུས་ཚང་བའི་བཅའ་ཁྲིམས་ཀྱི་འདེགས་སྐྱོར་བྱེད་དགོས། གསུམ་ནས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་རོགས་རམ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་པའི་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་འབྲེལ་འདྲིས་གཏིང་ཟབ་ཏུ་བཏང་ནས། ནད་དུག་ཕུགས་འདེད་ཆབ་སྲིད་ཅན་དུ་འགྱུར་རྒྱུར་ངོ་རྒོལ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ཐོག་རིམས་ནད་ལ་འགོག་རྒོལ་བྱ་རྒྱུར་རམ་འདེགས་བྱེད་དགོས། བཞི་ནས་རྒྱལ་སྤྱིའི་ཕྱོགས་མང་སྒྲོམ་གཞིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། “འཇམ་འཐབ་གསར་པ”སྤེལ་བར་མཐའ་གཅིག་ཏུ་ངོ་རྒོལ་དང་། བཙན་དབང་རིང་ལུགས་ལ་ངོ་རྒོལ། རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བཅས་བྱས་ཏེ། ཕྱོགས་མང་རིང་ལུགས་དངོས་ལག་ལེན་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཧྲེན་ཡུའེ་ཡུའེ་ཚོགས་འདུར་ཞུགས། 

ཨུ་རུ་སི་མཉམ་འབྲེལ་རྒྱལ་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མ་ཐུ་ཝེ་ཡན་ཁེ་དང་། རྒྱལ་ཁབ་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་མའེ་ལི་ཉི་ཁོའོ་ཧྥུའུ་ཚོགས་འདུར་ཞུགས་ནས་ཤིས་ཚིག་ཕུལ། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།