ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དེང་རབས་རྒྱབ་ཕྱོགས་མཁོ་སྒྲུབ་སྤུས་ཚད་གོང་འཕེལ་དུ་བཏང་སྟེ་དམག་དཔུང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་དགོས་ཞེས་བསྟན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས22ཉིན་ནས་ཚེས23ཉིན་བར། དམག་ཡོངས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་བྱ་བའི་ཚོགས་འདུ་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་ཞིང་། དམག་ཡོངས་ཀྱི་རྒྱལ་ཕྱོགས་མཁོ་སྒྲུབ་འཐབ་ཕྱོགས་སུ་བྱ་བ་སྒྲུབ་བཞིན་པའི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་སྒོས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། དམག་ཡོངས་ཀྱི་རྒྱབ་ཕྱོགས་མཁོ་སྒྲུབ་འཐབ་ཕྱོགས་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་འཐབ་ཇུས་བཀོད་འདོམས་ལ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྒྱལ་ཁ་ཐོབ་པར་འགན་སྲུང་བྱེད་པ། ཧུར་ཐག་སྒོས་བཅོས་སྒྱུར་གསར་སྐྲུན་བྱེད་པ། ཡོད་ཚད་དམག་འཁྲུགས་ལ་འགན་སྲུང་བྱེད་པ་བཅས་བྱས་ནས། རང་རྒྱལ་ཁབ་ཀྱི་དམག་དཔུང་འཛུགས་སྐྲུན་གོང་སྤེལ་གཏོང་རྒྱུ་དང་། འགན་འཁྲི་དང་ལས་འགན་ནུས་ལྡན་སྒོས་ལག་བསྟར་བྱེད་པར་བྱས་རྗེས་གལ་ཆེན་འཇོག་དགོས།  རེ་བར་བློ་མཐུན་རྣམ་པས་དུས་རབས་གསར་བའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་ལག་ལེན་མཐར་ཕྱིན་བྱ་རྒྱུ་དང་། དུས་རབས་གསར་བའི་དམག་དོན་འཐབ་ཇུས་ཀྱི་ཁ་ཕྱོགས་ལག་ལེན་མཐར་ཕྱིན་བྱ་རྒྱུ། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ལས་འགན་དངོས་འབེབ་བྱེད་པར་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་རྒྱུ་དང་། མགྱོགས་མྱུར་སྒོས་དེང་རབས་དམག་དོན་གྱི་དངོས་ཟོག་དབོར་འདྲེན་མ་ལག་དང་དམག་དཔུང་གི་དེང་རབས་རྒྱུ་ནོར་དོ་དམ་མ་ལག་འཛུགས་སྐྱོང་བྱ་རྒྱུ། དེང་རབས་རྒྱབ་ཕྱོགས་མཁོ་སྒྲུབ་སྤུས་ཚད་མཐོན་པོས་གོང་འཕེལ་དུ་གཏོང་བར་མགྱོགས་མྱུར་སྒོས་སྐུལ་འདེད་བཅས་བཏང་ནས། དམག་དཔུང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་ནུས་པ་འདོན་སྤེལ་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་།  ཁོས་ནན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་འཐབ་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། དམག་དཔུང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུ་དང་། སྟོབས་ཤུགས་མཉམ་སྒྲིལ་གྱིས་གསར་སྐྲུན་རྣམ་པ་བསྒྱུར་བ། ཚད་ལྡན་ལེགས་བསྡུས་འབུར་ཐོན་ཡོང་བ། རང་ཉིད་ཀྱི་ཉམས་སད་ཐེག་ཐུབ་ལ་དོ་སྣང་བྱ་རྒྱུ། དེང་རབས་དམག་དོན་གྱི་དངོས་ཟོག་དབོར་འདྲེན་མ་ལག་དང་དམག་དཔུང་གི་དེང་རབས་རྒྱུ་ནོར་དོ་དམ་མ་ལག་འཛུགས་པར་ལྷོད་གཡེང་མི་གཏོང་ཞིང་། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་གྱི་ཞན་ཆ་དང་ཉམས་ཞན་རྣམས་མགྱོགས་མྱུར་ངང་བསལ་ཏེ་ནུས་ཤུགས་ཡོད་རྒུས་སྟོབས་དང་ལྡན་པའི་དེང་རབས་ཅན་གྱི་རྒྱབ་ཕྱོགས་མཁོ་སྒྲུབ་འཛུགས་སྐྲུན་བྱེད་དགོས།

ཚོགས་ཐོག་ཏུ་དེང་རབས་དམག་དོན་གྱི་དངོས་ཟོག་དབོར་འདྲེན་མ་ལག་དང་དམག་དཔུང་གི་དེང་རབས་རྒྱུ་ནོར་དོ་དམ་མ་ལག་འཛུགས་སྐྱོང་བྱེད་པའི་སྐོར་གྱི་གནད་དོན་ལ་ཞིབ་འཇུག་བྱས།

དམག་ཨུའི་ལས་ཁུངས་ཀྱི་སྡེ་ཁག་སོ་སོ་དང་དམག་ཡོངས་ཀྱི་ལས་ཁུངས་ཆེ་གྲས་ཀྱི་མགོ་ཁྲིད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག དེ་མིན་འབྲེལ་ཡོད་ཁེ་ལས་ཀྱི་མགོ་ཁྲིད་རྣམས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།