ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་མཉམ་ལས་ཐད་འཆར་གཞི་བཀོད་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས22ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བརྙན་ལམ་བརྒྱུད་དེ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར30ལོན་པར་དྲན་གསོ་ཞུ་བའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཙོ་སྐྱོང་གནང་བ་རེད། ཀྲུང་གོའི་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་དངོས་སུ་ཁྱབ་བསྒྲགས་བྱས།

ཞི་ཅིན་ཕིང་གིས《ལས་དབང་དང་ཐུན་མོང་གིས་ཁྱིམ་གཞིས་བསྐྲུན》ཞེས་པའི་གསུང་བཤད་གལ་ཆེན་སྤེལ། ཞི་ཅིན་ཕིང་གིས་ལོ་འཁོར30ཡི་རིང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་མཉམ་ལས་ལ་ཐོབ་པའི་གྲུབ་འབྲས་ནི་ཕྱོགས་གཉིས་པོའི་བར་ཐག་ཉེ་བ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཕན་ཚུན་སྦྲེལ་མཐུད་བྱུང་བའི་ཐུན་མོང་མ་ཡིན་པའི་ཆ་རྐྱེན་ལ་རག་ལས་པ་མ་ཟད།  ང་ཚོས་དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་གང་ཐུབ་བྱས་པ་དང་ལོ་རྒྱུས་ཀྱི་གདམ་ག་ཡང་དག་བྱས་པ་ལའང་རག་ལས་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་ཀྲུང་གོའི་འཕེལ་རྒྱས་ཀྱིས་ས་ཁུལ་དང་འཛམ་གླིང་ལ་གོ་སྐབས་མང་པོ་མཁོ་འདོན་དང་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་རེད།  ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཉམ་དུ་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་འགག་རྐྱེན་སེལ་བ།  གོ་སྐབས་མཉམ་སྤྱོད།  དར་རྒྱས་མཉམ་སྐྲུན་བཅས་བྱས་ཏེ། ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དོན་འཁྱོལ་བྱས་ནས་སྔར་ལས་ཟབ་པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་ཕྱོགས་སུ་གོམ་སྟབས་གསར་བ་སྤོས་ནས།  ཐུན་མོང་གིས་ཞི་བདེའི་ཁྱིམ་གཞིས་དང་བདེ་འཇགས་ཁྱིམ་གཞིས།  དར་རྒྱས་ཀྱི་ཁྱིམ་གཞིས།  མཛེས་སྡུག་ལྡན་པའི་ཁྱིམ་གཞིས།   མཛའ་གྲོགས་ཀྱི་ཁྱིམ་གཞིས་བཅས་བསྐྲུན་པའི་འདོད་བློ་ཡོད་ཅེས་བསྟན།


ཞི་ཅིན་ཕིང་གིས་ང་ཚོས་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་བའི་རེ་འདོད་སེམས་སུ་འཛིན་པ་དང་།  ཞི་བདེ་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས།  ལག་གདང་སྦྲེལ་ཏེ་མདུན་སྐྱོད་དང་མུ་མཐུད་དུ་འབད་འཐབ་ཀྱིས་སྔར་ལས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཏོད་དེ།  ཐུན་མོང་གིས་སྔར་བས་དར་རྒྱས་དང་མཛེས་སྡུག་ལྡན་པའི་ས་ཁུལ་དང་འཛམ་གླིང་གཏོད་དགོས་ཞེས་ནན་གྱིས་བསྟན།  

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།