ཅང་ཞི་ཞིང་ཆེན་གྱི་ཐོག་ཁང་ཞིག་མར་བརྡིབས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གསར་འགོད་པས་ཅང་ཞི་ཞིང་ཆེན་ཀན་ཅང་ཁུལ་གསར་དོ་དམ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ11པའི་ཚེས22ཉིན་གྱི་དུས་ཚོད6དང་སྐར་མ45སྟེང་། ཀན་ཅང་ཁུལ་གསར་གྱི་ཞིན་ཆི་ཀྲིག་དོ་དམ་ཁྲུའུ་རྒྱལ་སྨན་བྱང་ལམ་དུ་ཡོད་པའི་པའེ་མ་མའོ་སྨན་རྫས་བཟོ་གྲྭའི་ལས་བཟོ་བའི་ཐོག་ཁང་ཞིག་མར་བརྡིབས། ཞིབ་བཤེར་བྱས་པ་བརྒྱུད་ཡུལ་དངོས་ཀྱི་མི4གར་སོང་ཆ་མེད་དུ་གྱུར་ཞིང་། ཉེ་འཁོར་གྱི་མང་ཚོགས་རྣམས་བདེ་འཇགས་ངང་གནས་སྤར་བ་རེད། 

རྒྱུས་ལོན་པ་ལྟར་ན། མལ་ཁང་དེ་ནི1995ལོར་འཛུགས་སྐྲུན་བྱས་པའི་ཐོག་སོ6ཅན་ཞིག་རེད། མིག་སྔར་ཡུལ་དངོས་སུ་མེ་གསོད་རོགས་སྐྱོབ་ས་ཚིགས9ཡི་བཀོད་འཐབ་པ111དང་། མེ་གསོད་རླངས་འཁོར15། ས་བརྐོ་འཕྲུལ་ཆས2། འཚོལ་ཁྱི6བཅས་མྱུར་སྐྱོབ་བྱེད་བཞིན་ཡོད་ལ། དོན་རྐྱེན་གྱི་རྒྱུ་རྐྱེན་ཞིབ་བཤེར་བྱེད་བཞིན་པའི་སྒང་རེད། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།