ཀྲུང་གོ་བོད་ཀྱི་དྲ་བ།

2021ལོའི་ཀྲུང་གོའི་དྲ་རྒྱ་སྨྱན་བྱད་གླེང་སྟེགས་ཟླ11པའི་ཚེས24ཉིན་ནས་ཚེས25ཉིན་བར་ཀོང་ཀྲོའུ་རུ་འཚོགས་རྒྱུ་རེད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། ཀོང་ཏུང་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་ཨུ་ལྷན་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་ཤིང་། “འཕེལ་རྒྱས་དང་སྒྲིག་ལམ·བཞུར་ཚད་ཆེན་པོས་དྲང་ཕྱོགས་ཀྱི་ནུས་པ་འདོན་སྤེལ་བྱེད”ཅེས་པ་བརྗོད་དོན་དུ་བཟུང་བའི2021ལོའི་ཀྲུང་གོའི་དྲ་རྒྱ་སྨྱན་བྱད་གླེང་སྟེགས་དེ་ཟླ11པའི་ཚེས24ཉིན་ནས་ཚེས25ཉིན་བར་ཀོང་ཀྲོའུ་རུ་འཚོགས་རྒྱུ་རེད།

ཐེངས་འདིའི་གླེང་སྟེགས་ལ་མགོ་རྩོམ་མཛད་སྒོ་དང་འགྲོས་མཉམ་གླེང་སྟེགས་ཐེངས5། “ཡའེ་ཀང་ཨོ་སེམས་པ་གཅིག་འདུས་དང་ཁུག་ཆེན་ཁུལ་ལག་གདང་མཉམ་སྦྲེལ”ཞེས་པའི་དྲ་རྒྱའི་བརྗོད་དོན་བྱ་འགུལ།  ཀྲུང་གོ་དྲ་རྒྱའི་སྨྱན་བྱད་ཁྱབ་ཁོངས་ཀྱི་ལག་རྩལ་གསར་བ་དང་ཉེར་སྤྱོད་གསར་བ། ལས་རྣམ་འགྲེམ་སྟོན་བཅས་ཀྱི་བྱ་འགུལ་སྤེལ་རྒྱུ་ཡིན་ལ། དེའི་ཁྲོད་འགྲེམ་སྟོན་ཚོགས་འདུ་ནི་རང་རྒྱལ་གྱིས་དྲ་རྒྱ་བརྒྱུད་ནས་ཡུལ་དངོས་ཀྱི་འགྲེམ་སྟོན་ཚོགས་ཆེན་བསྡུ་བ་ཐེངས་དང་པོ་ཡིན་ཞིང་། ལས་ཁུངས43ཞུགས་རྒྱུ་ཡིན་པ་རེད།

གླེང་སྟེགས་འཚོགས་པའི་རིང་། ད་དུང་སྨྱན་བྱད་ཀུན་འདུས་ཀྱི་ཚན་རྩལ་བརྗེ་རེས་སྟེགས་བུ་བཙུགས་པའི་མཛད་སྒོ་དང་ཆེས་གསལ་བའི་སྤྱི་བའི་ཞབས་ཕྱི་དྲ་རྒྱའི་སྟེང་ཁྱབ་སྤེལ་བྱེད་པའི་བགྲོ་གླེང་ཚོགས་འདུ་འཚོགས་རྒྱུ་ཡིན་ལ། སྐབས་དེར་འབྲེལ་ཡོད་ཀྱི་སྐུ་མགྲོན་གདན་ཞུ་ཞུས་ནས་ཆེས་གསལ་བའི་སྤྱི་བའི་ཞབས་ཕྱི་འཛུགས་སྐྲུན་སོགས་ཀྱི་ཐད་ལ་བགྲོ་གླེང་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།